དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་སུའུ་ཀྲེན་ཅང་གི་སློབ་གྲྭར“རྒྱལ་སྤྱིའི་རིག་གནས་དུས་ཆེན”སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཕྱི་སྦྱོང་སློབ་མ་ཚོས་སློབ་གྲྭའི་རྒྱལ་སྤྱིའི་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་དྲན་རྟེན་པར་རྒྱག་བཞིན་པ།

    ཉེ་ཆར། ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་ཅང་སུའུ་སློབ་ཆེན་གྱི་རྒྱལ་སྤྱིའི་རིག་གནས་དུས་ཆེན་སྐབས་བཅུ་དྲུག་པ་འགོ་ཚུགས་པ་དང་། སྐབས་འདིའི་རྒྱལ་སྤྱིའི་རིག་གནས་དུས་ཆེན་གྱིས“ཤེས་དཔལ་མིག་དཔེར་འཛིན། མཐུན་འགྲོགས་མཉམ་དུ་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཨུ་རུ་སུ་དང་། རྒྱ་གར། དབྱི་རན་སོགས་རྒྱལ་ཁབ་50ཡི་ཀྲུང་གོར་ཡོང་བའི་ཕྱི་སྦྱོང་སློབ་མ་དང་། ཀྲུང་གོའི་དགེ་སློབ། གྲོང་མི་བཅས་བྱེད་སྒོར་ཞུགས་ནས། ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་ཕུན་སུམ་ཚོགས་པའི་རིག་གནས་འགྲེམས་སྟོན་ཁྲོད་རིག་གནས་མཉམ་འདྲེས་ཟབ་ཏུ་དང་རྒྱལ་སྤྱིའི་མཐོང་རྒྱ་ཇེ་ཡངས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།