དུས་ཚིགས་དང་པོར་གློག་ཤུགས་ཁྲོམ་རར་གློག་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་25.6%འཕར་བ།
རིམ་རྩིས་བརྒྱབ་ན་དུས་ཚིགས་དང་པོར་རྒྱལ་ཡོངས་གློག་ཤུགས་ཁྲོམ་རར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་18416ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་25.6%འཕར་ཡོད།
ཉོ་ཚོང་གི་ཁྱབ་ཁོངས་ངོས་ནས་བརྗོད་ན། ཞིང་ཆེན་ནང་ཁུལ་དུ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་14726ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་29.3%འཕར་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བསྒྲལ་ཏེ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3690ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་12.6%འཕར་ཡོད། ཉོ་ཚོང་གི་སྣ་ཁའི་ངོས་ནས་བརྗོད་ན། དུས་ཡུན་རིང་འབྲིང་གི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་15949ཉོ་ཚོང་བྱས་པ་དང་ད་ཡོད་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་2467ཉོ་ཚོང་བྱས་ཡོད། ལྗང་མདོག་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་756ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་3.1%འཕར་ཡོད།
རང་རྒྱལ་གྱིས་རྒྱལ་ཡོངས་གཅིག་འགྱུར་གྱི་གློག་ཤུགས་ཁྲོམ་ར་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གློག་ཤུགས་ཐོན་ཁུངས་ལེགས་གཏོང་བགོ་སྒྲིག་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། བདེ་འཇགས་མཁོ་སྤྲོད་འགན་ལེན་དང་། ལྗང་མདོག་ཕྱོགས་སྒྱུར། རིན་གོང་བརྟན་པོ་བཅས་ཡོང་བར་བྱས་པ་རེད། 2025ལོར་རྒྱལ་ཡོངས་གློག་ཤུགས་ཁྲོམ་རའི་གློག་ཚད་ཉོ་ཚོང་གི་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། སྤྱི་ཚོགས་ཧྲིལ་པོའི་གློག་ཚད་བེད་སྤྱོད་ཁྲོད། ཆུ་ཚོད་ཆན་ཝ་3རེའི་ནང་ཆུ་ཚོད་ཆན་ཝ་2ཁྲོམ་ར་བརྒྱུད་དེ་ཉོ་ཚོང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།