དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ལས་འགན་ཐེངས་གྲངས་དུས་མཚུངས་ལས་35%འཕར་བ།

    འདི་ལོ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་བསྟུད་མར་བསྒྲུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

     ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀུང་སིས་2025ལོར་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ལས་འགན་ཁྱོན་ཐེངས་92ལེགས་སྒྲུབ་བྱས་པ་དེ་2024ལོ་ལས་35%འཕར་ཡོད།

    འདི་ལོ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལས་འགན་བསྟུད་མར་བསྒྲུབ་རྒྱུ་སྟེ། མཁའ་འདྲི་གཉིས་པ་དེ་དམིགས་ཚད་རྒྱུ་སྐར་ཆུང་རིགས་དང་ཉེ་བར་བཅར་ནས་འཚོལ་ཞིབ་བྱ་རྒྱུ་དང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ཀྱིས་ལྷ་གྲུ་ཉེར་གསུམ་པ་སོགས་མི་བཞུགས་འཕུར་གྲུའི་ལས་འགན་ལག་ལེན་བསྟར་རྒྱུ། བསྐྱར་ཟློས་བེད་སྤྱོད་ཀྱི་མེ་ཤུགས་འཕུར་མདའ་སྣ་མང་འཕུར་སྐྱོད་ར་སྤྲོད་ཚོད་ལྟ་བྱ་རྒྱུ། ཚོང་ལས་འཇིག་རྟེན་འཕུར་སྐྱོད་ཀྱིས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་བཅས་རེད། རྒྱལ་སྤྱིའི་མཉམ་ལས་ཐད། ཀྲུང་གོ་དང་ཡོ་རོབ་མཉམ་ལས་ཀྱི་ཉི་རླུང་དང་ཁབ་ལེན་བང་རིམ་ཕན་ཚུན་ནུས་པ་ཐོན་པའི་ལྗོངས་རྣམ་ཧྲིལ་པོའི་བརྙན་གྲུབ་སྲུང་སྐར་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཉི་རླུང་དང་ཁབ་ལེན་བང་རིམ་ཕན་ཚུན་ནུས་པ་ཐོན་པའི་བརྒྱུད་རིམ་དང་འགྱུར་ལྡོག་གི་ཆོས་ཉིད་གསལ་པོར་སྟོན་ཆེད་རེད། ཀྲུང་གོ་དང་པར་ཙིར་གྱི་ས་གོ་ལའི་ཐོན་ཁུངས་སྲུང་སྐར་མཉམ་ལས་མུ་མཐུད་ལག་ལེན་བསྟར་ནས་ཀྲུང་གོ་དང་པར་ཙིར་གྱི་ལོ་40ཙམ་གྱི་མཉམ་ལས་མཛའ་གྲོགས་རྒྱུན་མཐུད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།