དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིཌ་དང་པོར་འཕྲུལ་ཆས་བཟོ་ལས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ།

    རླངས་འཁོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་5.1%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    དུས་ཚིགས་དང་པོར། འཕྲུལ་ཆས་བཟོ་ལས་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ཆེ་གྲས་5ཡི་འཕར་ཐང་དུས་མཚུངས་ལས་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། དེའི་ནང་། རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.8%འཕར་བ་དང་། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.7%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་5.1%འཕར་བ། གློག་ཤུགས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.3%འཕར་བ། དཔྱད་ཆས་བཟོ་སྐྲུན་ལས་རིགས་དུས་མཚུངས་ལས་7.7%འཕར་ཡོད་པ་རེད།

    གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་པའི་ཐད། རྒྱུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་12.5%འཕར་བ་དང་། རླངས་འཁོར་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་4.8%འཕར་ཡོད་པ་རེད།

    འཕྲུལ་ཆས་བཟོ་ལས་ཀྱི་ཚབ་མཚོན་རང་བཞིན་གྱི་ཐོན་རྫས་ཁྲོད་བཟོ་ལས་འཕྲུལ་མིའི་ཐོན་ཚད་རིམ་རྩིས་བརྒྱབ་ན་ཁྲི་23.8ཟིན་པ་དེ་དུས་མཚུངས་ལས་33.2%འཕར་བ་དང་། གློག་འདོན་འཕྲུལ་ཚན་གྱི་གློག་འདོན་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཁྲི་8409ཟིན་པ་དེ་དུས་མཚུངས་ལས་15.1%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།