ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྲུང་སྐར་གྱི་ཚན་རིག་ཐོན་རྫས་ཁྱབ་བསྒྲགས་བྱས་པ།
ཟླ་4ཚེས་24ཉིན། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རླུང་ཁམས་ཆེ་མོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྲུང་སྐར་གྱི་ཚན་རིག་ཐོན་རྫས་ཁྱབ་བསྒྲགས་བྱས་པ་དང་འབྲེལ་རླུང་སྤྲིན་གྱི་གནམ་གཤིས་སྲུང་སྐར་རྒྱང་ཚོར་གྱི་གྲངས་གཞིའི་ཞབས་ཞུའི་དྲ་བ་བརྒྱུད་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱ་རྩིས་ཡོད་པ་དེ་ཐོག་ནས་རང་རྒྱལ་གྱིས་སྤུས་ཀ་དག་པའི་དྲོད་ཁང་རླུང་གཟུགས་དང་རླུང་ཁམས་ཆེ་མོའི་རྡུལ་ཕྲན་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་གྱི་ཡོད།
ཐོན་རྫས་དེར་མཚན་མོ་དང་། གླིང་སྣེའི་ཁུལ། དེ་བཞིན་རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱི་ཆ་རྐྱེན་འོག་སྤྱོད་ནུས་དེ་བས་ཆེ་བ་ལྡན་པས། འབྲེལ་ཡོད་ལྗོངས་རྣམ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་མི་འདང་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་གྱི་གར་ཚད་དང་། དབུགས་བཞུའི་སྤྱིན་དང་སྤྲིན་པ་སོགས་འགག་རྩའི་རླུང་ཁམས་ཆེ་མོའི་རྒྱུ་རྐྱེན་རང་འགུལ་ངང་ལྡོག་སྟོན་ཐུབ་ནས་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་འདེགས་སྐྱོར་དེ་བས་ནུས་ལྡན་ཐུབ་ཡོད། སླད་ཕྱིན་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་རླུང་སྤྲིན་རྟགས་ཅན་གསུམ་པའི་གནམ་གཤིས་སྲུང་སྐར་དང་ཐཱན་སྲུང་སྐར་སོགས་ཁུངས་མང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་རབ་དང་རིམ་པ་སྔར་བས་མཉམ་འདྲེས་བྱས་ནས་ཐོན་རྫས་ཀྱི་སྤུས་ཀ་དག་ཚད་དང་དུས་དང་བར་མཐོངས་དབྱེ་འབྱེད་བྱེད་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་དང་། ཁུངས་མང་མཉམ་འདྲེས་ཀྱི་ཚན་རིག་ཐོན་རྫས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་སྒོ་དབྱེ་མཉམ་སྤྱོད་དང་ཉེར་སྤྱོད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།