རང་རྒྱལ་གྱི་འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་མང་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་གི་འཕྲུལ་ཚན་གསུམ་པ་སྤྱོད་འགོ་ཚུགས་པ།

ཟླ་4ཚེས་25ཉིན། ཀྲེ་ཅང་ཐེན་ཐའེ་ཆུ་འཐེན་ནུས་གསོག་གློག་ཁང་གི་འཕྲུལ་ཚན་3པ་སྤྱོད་འགོ་ཚུགས་ཤིང་། གློག་ཁང་གི་སྤྱིའི་གློག་གཏོང་ཚད་ཆན་ཝ་ཁྲི་170ཟིན་གྱི་ཡོད་པ་དང་། འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་42.5ཟིན་པའི་ཆུ་འཐེན་འཕྲུལ་འཁོར་གྱི་གློག་གཏོང་འཕྲུལ་ཚན་4སྒྲིག་སྦྱོར་བྱས་ཡོད་པ་དང་དེའི་འཕྲུལ་ཚན་རྐྱང་པ་ནས་གློག་གཏོང་ཚད་རྒྱལ་ནང་གི་རྣམ་གྲངས་གཅིག་པའི་ནང་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད། འཆར་གཞི་ལྟར་ན། གློག་ཁང་གི་འཕྲུལ་ཚན་4པ་ད་ལོའི་ཟླ་6པར་དངོས་སུ་སྤྱོད་འགོ་འཛུགས་རྒྱུ་ཡིན་ཞིང་། འདི་ནི་ཀྲེ་ཅང་ཐེན་ཐའེ་ཆུ་འཐེན་ནུས་གསོག་གློག་ཁང་ཡིན་པ།
འབྲེལ་ཡོད་གསར་འགྱུར།