ས་མཐོར་ལྷད་མེད་བརྩེ་བ་བཅངས།

ཉེ་ཆར། “འགྱུར་མེད་བརྩེ་བ་བཅངས། ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་བོད་ལྗོངས་གཅེས་སེམས་དབང་སྐྱོན་རོགས་སྐྱོར་གྱི་རིག་རྩལ་མཚན་ཚོགས་ལྷ་སར་འཚོགས་པ་རེད། ཧྲི་ཅ་ཀྲོང་ནས་ཡིན་པའི་ཡན་ཀྲའོ་དབང་སྐྱོན་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་བརྒྱ་ལྷག་ཙམ་གྱིས་ལྟད་མོ་བ་ཚོར་དམིགས་བསལ་གྱི་འཁྲབ་སྟོན་ཞིག་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཚན་ཚོགས་ཀྱི་ལེ་ཚན་ནང་འོན་ལྐུགས་དང་རྐང་ལག་སྐྱོན་ཅན་སོགས་ཀྱི་སྒྱུ་རྩལ་མཁས་ཅན་བརྒྱ་ལྷག་ཙམ་འདུས་པ་དང་། ཁོང་ཚོས་ཞབས་བྲོ་འཁྲབ་པ་དང་། རོལ་དབྱངས་དཀྲོལ་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་ངོམ་པ་སོགས་རྣམ་པ་སྣ་ཚོགས་ཀྱི་ངོ་མཚར་འཁྲབ་སྟོན་ཞིག་བྱས་ཤིང་། འདི་ནི་རྐང་ལག་སྐྱོན་ཅན་གྱི་ཞབས་བྲོ་བ་ལིའུ་ཅན་ཅུན་གྱིས་འགོ་ཁྲིད་པའི་དེང་དུས་ཞབས་བྲོ《ངོ་མཚར་གྱི་ཚེ་སྲོག》ཅེས་པ་འཁྲབ་བཞིན་པ།
འབྲེལ་ཡོད་གསར་འགྱུར།