དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་ དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི”དར་སྲོལ་ཞིག་ཆགས་པ།

    “གོ་བརྡ་མི་འཕྲོད་པ”ནས“ཆུ་རྒྱུག་རྒྱུག་ཤོད་པའི”བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་ཞིང་ནང་དང་མུ་ཁ། དུད་ཁྱིམ་བཅས་ཚང་མར“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི”དར་སྲོལ་ཞིག་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་ཡུལ་ཤང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གྲོང་གསེབ་ཏུ་སློབ་སྦྱོང་བྱེད་པར་སྐུལ་འདེད་བཏང་སྟེ་སྐད་ཡིག་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི“སྒོ་མོ་གསར་པ”ཕྱེ་ཡོད།

    ས་སྲོད་ཀྱི་མཚམས་སུ་སྟོད་པ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། གྲོང་ཚོའི་ལས་བྱེད་པ་20ལྷག་ཙམ་དེ་གར་འཛོམས་ནས་ཚན་རྩལ་ཆེད་བསྐོས་པ་བསྟན་འཛིན་སྒྲོལ་དཀར་གྱིས་ནག་པང་ཐོག“ཞིང་འཕྲུལ་ཁ་གསབ”ཅེས་པའི་ཡིག་འབྲུ་བཞི་བྲིས་ཏེ་སློབ་ཆུང་སློབ་མར་སློབ་ཁྲིད་བྱེད་པ་བཞིན་ངང་རྒྱུད་རིང་པོས་ཁོང་ཚོར་ཡིག་འབྲུ་རེ་རེ་བཞིན་སློབ་ཀྱི་ཡོད་པ་རེད།

    “སྔོན་ཆད་རང་ཉིད་སོ་སོའི་མིང་ཡག་པོ་འབྲི་མི་ཤེས་པས་མིང་རྟགས་འགོད་པར་འཚེར་སྣང་སྐྱེ་ཡི་འདུག”ལོ་47ལ་སླེབས་པའི་སྟོད་པ་གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་སྤེན་པས་ཡིག་གཟུགས་སྦྱོང་དེབ་ཅིག་བཏོན་ནས་དེའི་ཐོག་ཟིན་བྲིས་མང་པོ་བརྒྱབ་ཡོད་ཅིང་། ཁོང་གིས་གསར་འགོད་པར་གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། ཚན་རྩལ་ཆེད་བསྐོས་པ། ཞིང་འབྲོག་ཆེད་བསྐོས་པ་བཅས་ཀྱིས“དགེ་རྒན”གྱི་འགན་འཁུར་ནས་སྒྲ་སྦྱོར་དང་སྨྱུག་རིམ་ནས་འགོ་བཙུགས་ཏེ“ས་བོན་ཉོ་བ”དང“ཆུ་ཡུར་བཟོ་བ”ལྟ་བུའི་རྒྱུན་གཏན་གྱི་སྐད་ཆ་དེ་དག་ཀྱང་སློབ་གཞིའི་ནང་བཅུག་པས་ད་ཆ“གོ་མི་ཐུབ་པ་དང་ཤོད་མི་ཤེས་པའི”སེམས་ཁྲལ་བྱེད་དགོས་མི་འདུག་ཅེས་བཤད།

    ཆང་ཁྱིམ་གྲོང་ཚོར་གཟའ་འཁོར་རེའི་གཟའ་ལྷག་པའི་ཕྱི་དྲོར་གྲོང་ཚོའི་ལས་བྱེད་པས་དགའ་ཤོས་བྱེད་པའི“བརྙན་ཤེལ་སློབ་ཁང”ལས་གསོལ་ཉམས་དོད་པའི་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

    དེ་བས་དགའ་ཚོར་སྐྱེ་འོས་པ་ཞིག་ནི་ལྷ་ཡུལ་ཤང་གི་སྐད་ཡིག་སློབ་སྦྱོང་ནི་སྔར་ནས་བཟུང་ཕྱོགས་རྐྱང་པའི་འབད་བརྩོན་ཁོ་ན་མིན་པར། “ང་ཚོས་ཁོང་ཚོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤོད་སྟངས་དང་རྒྱ་ཡིག་འབྲི་སྟངས་སློབ་པ་དང་། ཁོང་ཚོས་ང་ཚོར་བོད་སྐད་ཤོད་སྟངས་དང་གོམས་སྲོལ་བསླབས་པས་ཕན་ཚུན་འགྲོ་འོང་ཡང་ཡང་བྱས་པར་བརྟེན་ང་ཚོའི་དབར་དེ་བས་མཛའ་མཐུན་བྱུང་སོང”ཞེས་ཆང་ཁྱིམ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཚུའེ་དབྱིང་ཅེས་མྱོང་ཚོར་ཟབ་མོས་བཤད།

    ད་ཆ་ལྷ་ཡུལ་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚང་མའི་ལག་ཐོགས་ཁ་པར་ནང“བོད་སྐད་ཡིག་སྒྱུར་ཀུན་ཁྱབ”APPདང“ཤེས་དཔལ་ལག་ལེན་དངུལ་ཁང”གི་བྱ་རིམ་ཆུང་གྲས་ཕབ་ལེན་བྱས་པ་དང་དེ་ལས་སྐད་ཆ་འཕྲལ་མར་ཡིག་སྒྱུར་དང་དམངས་ཕན་སྲིད་ཇུས་བློ་འདྲི་སོགས་ཀྱི་སྟབས་བདེའི་ནུས་པར་ཚང་མས་དགའ་པོ་བྱེད་ཀྱི་ཡོད།

    སྐད་བརྡ་འཕྲོད་ན་མི་སེམས་མཐུན། མིག་སྔའི་བར། ལྷ་ཡུལ་ཤང་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ཁྱབ་ཚད་100%ཟིན་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་ནང་གྲོང་ཚོའི་ལས་བྱེད་པ་རྒྱུགས་ལོན་ཚད་90%ལྷག་ཙམ་ཟིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པ”དེ་ལྷ་ཡུལ་ཤང་གི་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མང་ཚོགས་འབབ་འཕར་ཕྱུག་འགྱུར་བཅས་ཀྱི“སྐུལ་འདེད་ཡོ་ཆས”སུ་འགྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།