དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་དུ་གནས་པའི་བོད་ལྗོངས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་དུ་སྐྱོད་སྐབས་འགྲེམས་ཁང་ནང་ཆེ་ཆུང་དང་ནུས་པ་མི་འདྲ་བའི་མི་མེད་གནམ་གྲུ་མང་པོ་བསྒྲིགས་འདུག

    “མི་མེད་གནམ་གྲུ་འདི་དག་འགྲེམས་ཁང་ནས་ཐོན་ཏེ་སྟག་རྩེའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་སྤྱོད་ཀྱི་ཡོད”ཅེས་ཐོན་ལས་གླིང་གཉེར་མཁན་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཏུང་དབྱི་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་པ་བསྟན་འཛིན་དབང་མོས་བཤད་པ་དང་། ཁོང་གིས། གྲོང་ཁུལ་གྱི་ཕྱུགས་རིགས་དོ་དམ་ཚོད་འཛིན་དང་། གད་སྙིགས་གང་བྱུང་དུ་དབྱུག་མིན་ལ་སྐོར་བཤེར། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ཁྲོད་ཤིང་སོན་སྐྱེལ་འདྲེན་དང་མེ་ཟོན་ལྟ་ཞིབ་ཚད་ལེན་སོགས་ལ་སྤྱོད་ཀྱི་ཡོད་པས་སྤྱོད་ཡུལ་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།

    བོད་ལྗོངས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་འཛུགས་དོན་སྐོར་གླེང་སྐབས། གླིང་ཁུལ་གཉེར་སྐྱོང་བྱེད་མཁན་ཏུང་དབྱི་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་དང་མཐུན་སྒྲིལ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཚའོ་རུའེ་ཡིས། དེ་ནི་ས་མཐོའི་དོན་དངོས་ལ་གཞི་ཚུགས་པའི་གདམ་ག་ཞིག་རེད་ཅེས་བཤད།

    ཚའོ་རུའེ་ཡིས་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་གི་འཆར་འགོད་ས་བཀྲའི་མདུན་ནས་ཟུར་མཆན་གསལ་པོ་བཀོད་པའི་དམའ་དབྱིངས་མཁའ་ལམ་ལ་མཛུབ་མོ་བཙུགས་ཏེ“ས་མཐོའི་ས་དབྱིབས་རྙོག་འཛིང་ཆེ་བས། ཐག་རིང་ལུང་ཁུག་གི་དངོས་ཟོག་སྐྱེལ་འདྲེན་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཐད་དཀའ་ངལ་འཕྲད་ཀྱི་ཡོད། ཡིན་ནའང་དམའ་དབྱིངས་དཔལ་འབྱོར་གྱིས་དཀའ་གནད་དེ་དག་ཏག་ཏག་སེལ་ཐུབ་ཀྱི་ཡོད”གཞན་ཡང་སྲིད་ཇུས་དང་གོ་སྐབས་ལ་བལྟས་ན། བོད་ཀྱིས“1+N”དམའ་དབྱིངས་དཔལ་འབྱོར་གྱི་སྲིད་ཇུས་མ་ལག་བཙུགས་ནས་སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་འཆར་འགོད་ནས་ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པའི་བར། དམའ་དབྱིངས་དཔལ་འབྱོར་ཐོན་ལས་ཀྱི་སྒྲོམ་གཞི་ཕྱོགས་ཡོངས་ནས་བཏོད་ཡོད་ཅེས་བཤད།

    ཚའོ་རུའེ་ཡིས། ལས་གཏོད་བྱེད་འགོ་བཙུགས་པའི་དུས་སུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཚང་མའི་སྣེ་ཁྲིད་དེ། སྔོན་ཐོན་ཞིང་ཆེན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཁྲིད་པ་དང་རིགས་གཅིག་མཁས་ཅན་གདན་དྲངས་ནས་མཛུབ་ཁྲིད་བྱས་པས། ཟླ་བ་གསུམ་ནང་ས་མཐོའི་མི་མེད་གནམ་གྲུའི་འཚམ་མཐུན་རང་བཞིན་གྱི་ཚོད་ལྟ་ལེགས་གྲུབ་བྱུང་ཡོད། དེ་ནས་ལོ་ཕྱེད་ཙམ་གྱི་ལྟེ་བའི་བར་སྣང་ཁྱབ་ཁོངས་ཀྱི་ཞིབ་མཆན་དང་མཁའ་ལམ་འཆར་འགོད་ལེགས་གྲུབ་བྱུང་ནས“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་ར་འཁོར་སྐྱོད། ཕྱོགས་མང་པོ་ཞུགས་པ”བཅས་ཀྱི་ཐོན་ལས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

    2024ལོའི་ལོ་མཇུག་ནས་2026ལོའི་ལོ་འགོ་བར། གླིང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ཡག་པོ་ཡོད་པས་ལས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་དེ་གར་གཞིས་ཚུགས་ཡོད་ཅིང་། མིག་སྔར། བོད་ལྗོངས་ཀྱི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་གླིང་དུ་ཁེ་ལས་29ཡོད་པ་དེ་དག་ནང་མི་མེད་གནམ་གྲུ་ཞིབ་སྤེལ་བཟོ་སྐྲུན་དང་། འཕུར་སྐྱོད་ཞབས་ཞུ། གསོ་སྦྱོང་དང་ཡིག་རྒྱུགས་བཏང་ནས་ལག་ཁྱེར་སྤྲོད་པ། གྲངས་གཞི་བེད་སྤྱོད། ལྷན་སྦྱར་གྱི་མཁོ་སྤྲོད་འཁོར་འབྲེལ་སོགས་ལྷུ་ཚིགས་ཚང་མ་ཚུད་ཡོད་པས“ལག་རྩལ་ཞིབ་སྤེལ་དང་། སྒྲིག་ཆས་འགྲེམས་སྟོན། ཐོན་སྐྱེད་བཟོ་སྐྲུན། ལྷན་སྦྱར་ཞབས་ཞུ”བཅས་ཟུང་འབྲེལ་གྱི་ཐོན་ལས་ཁོར་ཡུག་ཅིག་གྲུབ་ཡོད།

    ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ཤེས་ལྡན་པ་དཀོན་པའི་གནད་དོན་དེ་ས་མཐོའི་ས་ཁུལ་གྱི་དོན་དངོས་ཤིག་ཏུ་གྱུར་ཡོད་མོད། འོན་ཀྱང་བོད་ལྗོངས་ཚང་ཆུང་ཀྲི་ཧུའེ་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཞའོ་ཀོང་གིས་དེའི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་ཡོད་ཅིང་། ཁོང་གིས“ཐོན་ལས་གླིང་ཁོངས་གཏོགས་ཀྱིས་གསོ་སྦྱོང་རབ་དང་རིམ་པ་བྱས་ནས་བཀོལ་སྤྱོད་པ་དང་ཆེད་ལས་ལག་རྩལ་པ་ཁག་གཅིག་ཐོན་ཏེ། ཁེ་ལས་ལ་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད”གླིང་ཁུལ་གྱིས་མི་སྣ་གསོ་སྐྱོང་དང་ཁེ་ལས་ཀྱིས་ལས་མི་སྤྱོད་པའི་བྱ་ཐབས་དེ་རིགས་ལས་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་ཆུང་དུ་ཕྱིན་པ་མ་ཟད། ཐོན་ལས་འཕེལ་རྒྱས་ལའང་ཤེས་ལྡན་པ་མཁོ་སྤྲོད་བརྟན་པོ་བྱས་ཡོད་ཅེས་བཤད།

    མིག་སྔའི་བར། ཞིབ་མཆན་བཀོད་པའི་བར་སྣང་ཁྱབ་ཁོངས་ནང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཏུང་དབྱི་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་རིམ་རྩིས་བརྒྱབ་ན་ལས་སྒྲུབ་མཁའ་ལམ་སྣ་ཚོགས་1700འཆར་འགོད་བྱས་ཡོད་ལ། མཁའ་ལམ་1120བཏོད་པ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་ཡོད། སླད་ཕྱིན་ཀུང་སི་དེས་སྟག་རྩེ་ཆུས་ཀྱི་དམའ་དབྱིངས་དཔལ་འབྱོར་ཐོན་ལས་བཀོད་སྒྲིག་ལ་དམིགས་ནས། སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་བྱེད་ཟབ་ཏུ་དང་། མཁའ་ལམ་དྲ་བ་རྒྱ་སྟོབས་ཆེ་བ། སྤྱོད་ཡུལ་རྒྱ་ཆེ་བ། ཐོན་ལས་ཀྱི་ཁོར་ཡུག་ལེགས་སུ་བཅས་གཏོང་རྒྱུ་རེད།

    (ཟླ་4ཚེས་19ཉིན་གྱི《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་པར་ངོས་4པ་ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།