དབུ་ཤོག
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    མིག་སྔར། རྒྱལ་ཡོངས་ས་གནས་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ”བཅས་ལ་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། འཚོལ་བཤེར་དག་ཐེར་དང་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་ནན་པོར་བརྟེན་ནས་སློབ་སྦྱོང་གི་ཕན་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད་པ་རེད།

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་ནས། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ་ཆེད་དོན་ཟུར་ཁྲིད་བྱས་པ་རེད།

    ཚང་མས་སློབ་སྦྱོང་བྱས་པ་བརྒྱུད་བློ་སྒྲིལ་སེམས་བསྐྱེད་དང་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་ཚོས་དོ་སྣང་ཆེ་ཤོས་བྱེད་ས་དང་། ལས་བཟོ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་ས། ལས་བཟོར་འཕྲལ་མཁོ་ཆེ་ཤོས་ཡིན་ས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་མུ་མཐུད་དམིཌ་ཏེ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུ་དང་། ལྟེ་བའི་ལས་དོན་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ། ཁེ་དབང་སྲུང་སྐྱོང་ཞབས་ཞུ་དང་། རོགས་སྐྱོར་རོགས་སྐྱོབ། རྩལ་ནུས་མཐོར་གཏོང་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་ཀའི་ཞན་ཆ་སེལ་རྒྱུ་དང་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ནང་དོན་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་ཆེད་དོན་སློབ་སྦྱོང་བྱས་ཏེ“སྦྱོང་བའི”ཐད་ཟབ་སྦྱོང་མཐིལ་རྟོགས་དང་། “བཤེར་བའི”ཐད་འཛེམ་མེད་དམར་འདོན། “དག་ཐེར”ཐད་དངོས་ཕན་དོན་གཉེར། “ཏན་ཏིག”ཐད་འགག་སྒྲོལ་ཚད་བརྒལ་བཅས་བྱེད་པའི་ལས་ཀའི་ཐབས་ལམ་ཁ་གསལ་བཟོས་ཏེ། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་འགོད། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྦྱངས་ནས་བསམ་གཞིག་ཐུབ་པ་དང་། བཤེར་ནས་རྙེད་ཐུབ་པ། བཅོས་ནས་གྲུབ་འབྲས་ཐོབ་པ། བསྒྲུབས་ནས་ཕན་འབྲས་ཐོན་པ་བཅས་དངོས་སུ་མངོན་འགྱུར་བྱུང་ཡོད། ཚོགས་ཞུགས་མི་སྣས་སློབ་སྦྱོང་གི་ཕན་འབྲས་དེ་བུད་མེད་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོའི་དཀའ་གནད་སེལ་བའི་བྱ་ཐབས་དངོས་ལ་འགྱུར་བར་བྱས་ཏེ་དངོས་སྒྲུབ་ཀྱི་ལས་རྗེས་དངོས་ལ་བརྟེན་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུཌ་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྱོགས་མང་པོ་ནས་སློབ་སྦྱོང་བྱེད་པའི་རྣམ་པ་བསྐྲུན་ཡོད། སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་། “ཧྲུའུ་ཅིའི་འཆད་སྟེགས་ལ་བརྟེན་ནས་བསམ་བློར་ཤུགས་སྣོན་རྒྱག་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལ་བརྟེན་ནས་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བའི”ཏང་ཀྲི་པུའི་ཧྲུའུ་ཅིའི་འཆད་སྟེགས་དང་། “ཏང་འཛུགས་སྐྱོང་ལ་བརྟེན་ནས་འཇོན་ཐང་ཆེ་རུ་གཏོང་བར་ཁྲིད་སྟོན་དང་། ཁྲིམས་སྐྱོང་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལག་བསྟར་ལ་མཐུན་རྐྱེན་སྦྱོར་བའི”རང་བྱུང་ཐོན་ཁུངས་ཀྱི་སློབ་ཁང་ཆེ་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། སློབ་སྦྱོང་སློབ་གསོའི་ལས་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། ཅུས་དེའི་ཏང་ཙུས་ད་དུང་སྙིང་གཏམ་ཤོད་རེས་དང་རང་བཤེར་རང་བཅོས་བྱ་རྒྱུ་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། མིག་སྔར་ཅུས་དེའི་ཏང་ཙུའི་ཚན་ཁག་གིས་གནད་དོན་10བཤེར་འདོན་བྱས་ཡོད། གོམ་སྟབས་རྗེས་མར། ཉིང་ཁྲི་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཀྱི་ལྟ་བཤེར་ཚུར་ལན་གནད་དོན་དག་ཐེར་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་གནད་དོན་དག་ཐེར་དང་འགན་སྒྲུབ་མཐོར་གཏོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་ཀའི་བསམ་ཕྱོགས་ལེགས་སུ་གཏོང་བ་དང་། སྐུལ་འདེད་གཏོང་སྟངས་བསྒྱུར་བ། ཕན་འབྲས་ཀྱི་ཚད་གཞི་བསྐྱར་འཛུགས་བཅས་བྱེད་པར་ཁྲིད་སྟོན་བྱས་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།