རང་ལྗོངས་ཀྱི་རྫོང་གཉིས་རྒྱལ་ཁབ་རིམ་པའི་ནས་སོན་ཐོན་སྐྱེད་རྫོང་ཆེ་གྲས་ལ་བདམས་པ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་ས་བོན་ལས་རིགས་དོ་དམ་སིས་ཁྱབ་བསྒྲགས་བྱས་པའི་དུས་ཐེངས་གསར་པའི་རྒྱལ་ཁབ་ཀྱི་ཞིང་ལས་ལོ་ཏོག་ས་བོན་ལས་རིགས་རྟེན་གཞིའི་མིང་ཐོའི་ནང་། རང་ལྗོངས་ཀྱི་གྲ་ནང་རྫོང་དང་པ་སྣམ་རྫོང་རྒྱལ་ཁབ་རིམ་པའི(ནས)ས་བོན་ཐོན་སྐྱེད་རྫོང་ཆེ་གྲས་སུ་བདམས་པ་དེས་ལྗོངས་ཡོངས་ཀྱི་སོན་རྒྱུ་རང་རྟེན་ཚོད་འཛིན་ཐུབ་པ་དང་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་རྒྱུར“འགན་སྲུང་གཉིས”བསྣན་ཡོད་པ་རེད།
གྲ་ནང་རྫོང་གི་ས་བོན་ཐོན་སྐྱེད་ལས་དོན་དེ་2019ལོར་སྤེལ་འགོ་ཚུགས་ཤིང་། ཞིང་ལས་གྲོང་གསེབ་པུས་གྲ་ནང་རྫོང་ལ་རྒྱལ་ཁབ་རིམ་པའི་ནས་ཀྱི་ས་ཁོངས་རང་བཞིན་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་བསྐྲུན་རྒྱུའི་ཆོག་མཆན་སྤྲད་པ་རེད། 2021ལོར་གྲ་ནང་རྫོང་འདི་ཉིད་བོད་ཀྱི་ནས་སོན་ཐོན་སྐྱེད་ཀྱི་རྫོང་ཆེ་གྲས་འབའ་ཞིག་ཏུ་གཏན་འཁེལ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་གྲ་ནང་རྫོང་ལ་མ་འཇོག་སྒོར་ཁྲི་5000བྱ་རྒྱུའི་ཆོག་མཆན་ཐོབ་ཡོད། ལག་སོན་བྱུང་བའི་མ་དངུལ་དེ་དག་ལས་རྫོང་ཡོངས་ཀྱི་ནས་སོན་ཐོན་སྐྱེད་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས། ད་ཆ་རྫོང་དེའི་ཆེད་སྤྱོད་ས་བོན་ཐོན་སྐྱེད་རྟེན་གཞིའི་རྒྱ་ཁྱོན་མུའུ་3000ཡན་ཟིན་ཞིང་། རིམ་རྩིས་བརྒྱབ་ན་ས་ཁུལ་དང་གྲོང་ཁྱེར་དང་སྤུན་ཟླའི་རྫོང་ཆུས་གཞན་དག་ལ་ས་བོན་ཏུན་500ལྷག་ཙམ་བཙོངས་པ་དང་། རྫོང་ནང་ཁུལ་དུ་ས་བོན་ཏུན་325བཙོངས་པར་ཡོང་འབབ་སྒོར་ཁྲི་570ལྷག་ཙམ་བྱུང་ཡོད་པ་རེད།
ད་ཐེངས་ཀྱི་རྒྱལ་ཁབ་རིམ་པའི་ས་བོན་ཐོན་སྐྱེད་རྫོང་ཆེ་གྲས་ལེགས་སྒྲིག་བྱེད་རིང་། “ཁོངས་མི་གསར་པ”ཡིན་པའི་པ་སྣམ་རྫོང་འདི་ཉིད་མིང་ཐོའི་ནང་ཚུད་དེ་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་ས་བོན་ཐོན་སྐྱེད་རྫོང་ཆེ་གྲས་2བར་མང་དུ་ཕྱིན་ཡོད། འབྱུང་འགྱུར་རྫོང་གཉིས་པོས“མཉམ་ལས་ཤུགས་ཆེན”བྱས་ནས་ལྗོངས་ཡོངས་ཀྱི་ནས་སོན་ཐོན་སྐྱེད་རྟེན་གཞི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་བས་སྣེ་ཁྲིད་བྱ་རྒྱུ་རེད།
ཞིང་ལས་རྫོང་ཆེན་ཡིན་པའི་པ་སྣམ་རྫོང་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་པོ་ཡོད། ད་ཐེངས་རྒྱལ་ཁབ་རིམ་པའི་ས་བོན་ཐོན་སྐྱེད་རྫོང་ཆེན་དུ་བདམས་པ་དེ་ཐོག་ནས་ནས་ཀྱི་སོན་བཟང་གསོ་སྤེལ་ཁྱབ་ཁོངས་སུ་པ་སྣམ་རྫོང་གིས་འགན་འཁྲི་དེ་བས་མང་བ་འཁུར་བ་དང་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་དེ་བས་མང་བ་ཐོབ་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།