《ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》བཀྲམ་པ།
ལས་ཞུགས་ཚོགས་སྤྱི་གསར་པ་ནི་སྤྱི་ཚོགས་རིང་ལུགས་ངལ་རྩོལ་པའི་གྲུབ་ཆ་གལ་ཆེན་ཞིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། མིག་སྔར། རང་རྒྱལ་གྱི་གསར་དར་ཁྱབ་ཁོངས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དང་ལྷག་པར་དུ་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཀྱིས་འདེགས་སྐྱོར་བྱེད་པའི་ལས་རྣམ་གསར་པ་འབོར་ཆེན་ཐོན་ནས་གཞི་ཁྱོན་ཆེ་བའི་ལས་ཞུགས་ཚོགས་སྤྱི་གསར་པ་གཅིག་ཏུ་བསྡུས་ཡོད། ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཏོན་པ་རེད།
《བསམ་འཆར》གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཇུས་བསྟར་ལ་མཐོང་ཆེན་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་གོང་བུར་འགྲིལ་བའི་ལས་དོན་ཡག་པོ་སྒྲུབ་པ།
ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ། ལས་ཞུགས་ཚོགས་སྤྱི་གསར་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་བ། ལས་ཞུགས་ཚོགས་སྤྱི་གསར་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བཅས་བྱས་ཏེ། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། སྤྱི་ཚོགས་ཀྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ་དེ་རེད།
དམིགས་ཚད་གཙོ་བོ་ནི། 2027ལོར་སླེབས་སྐབས་གོང་འོག་མཉམ་འགུལ་དང་། ཁོངས་ཁུལ་ཟུང་འབྲེལ། མཐུན་སྦྱོར་ནུས་ལྡན་བཅས་ཀྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་ཚོགས་སྤྱི་གསར་པའི་ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་པ། ངལ་རྩོལ་གྱི་ལས་མི་བཀོལ་སྤྱོད་རིམ་བཞིན་ཚད་ལྡན་དུ་གཏོང་བ། ལས་ཞུགས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱེད་དགོས་པ་དེ་རེད། ལོ་གསུམ་ནས་ལྔ་བར་སོང་རྗེས། ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དེ་བས་ནུས་ལྡན་དུ་གཏོང་བ། ངལ་རྩོལ་འབྲེལ་བ་དེ་བས་ཞི་མཐུན་དུ་གཏོང་བ། ལས་ཞུགས་ཁོར་ཡུག་དེ་བས་མཛའ་མཐུན་དུ་གཏོང་བ། ཁྲིམས་མཐུན་ཁེ་དབང་འགན་སྲུང་དེ་བས་ལེགས་པ་བྱེད་པ། ལས་རིགས་ཁས་ལེན་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་ནས། ལས་ཞུགས་ཚོགས་སྤྱི་གསར་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་དེ་བས་མངོན་གསལ་དོད་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱེད་དགོས།
ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུའི་སྐོར་ལ《བསམ་འཆར》ནང་བཏོན་དོན། ཁྲིམས་ལྟར་ལས་མི་བཀོལ་སྤྱོད་ཀྱི་དོ་དམ་ཚད་ལྡན་དུ་གཏོང་དགོས་ཤིང་། མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སོགས་ཀྱིས་ལས་མི་བཀོལ་སྤྱོད་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པ་དང་། ལས་ཞུགས་ཚོགས་སྤྱི་གསར་པའི་དགོས་མཁོར་དམ་པོར་བསྟུན་པའི་ངལ་རྩོལ་གན་རྒྱ་དང་ཡིག་ཐོག་གྲོས་མཐུན་གྱི་དཔྱད་གཞིའི་ཡིག་ཆ་ཁྱབ་གདལ་བེད་སྤྱོད་གཏོང་བ། ལས་མི་བཀོལ་སྤྱོད་ཀྱི་དོན་དངོས་སོགས་ལ་གཞིགས་ནས་ཁེ་དབང་དང་འོས་འགན་ཁྲིམས་ལྟར་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ལས་ཞུགས་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ་གསོ་སྦྱོང་བྱས་ནས་ལས་ཞུགས་བྱེད་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། ཁེ་ལས་སྤྱི་ཁྱབ་པུའི་ནུས་པ་བཏོན་ནས་མཉམ་ལས་ཁེ་ལས་དང་། མནའ་འབྲེལ་ཁེ་ལས། དེ་བཞིན་དྲ་ཚིགས་དང་ས་ཚུགས་སོགས་ཀྱི་འགན་འཁྲི་ནན་ཏུ་བཏང་སྟེ་ལས་ཞུགས་ཚོགས་སྤྱི་གསར་པའི་ཚུལ་མིན་ལས་ཞུགས་བྱེད་སྤྱོད་ཀྱི་སྒྲིག་འདོམས་དང་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་དགོས། བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་བདེ་འཇགས་དང་ལས་རིགས་བདེ་ཐང་འགན་སྲུང་བྱེད་དགོས།
ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཁེ་ལས་དང་མྱུར་སྐྱེལ་ཁེ་ལས་སོགས་ཀྱིས་ལས་འགན་དང་ངལ་རྩོལ་ལྕི་ཡང་སོགས་ལ་གཞིཌ་ནས། ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་ཐོབ་ཆ་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ། དུས་ཐོག་དང་གྲངས་ཚང་ངང་སྤྲོད་པར་ལྟ་སྐུལ་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་གསོའི་ཁེ་དབང་འགན་སྲུང་བྱས་ཏེ་གནམ་གཤིས་སྐྱོ་བ་སོགས་དམིགས་བསལ་གནས་ཚུལ་འོག་གི་ངལ་རྩོལ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཁེ་ལས་ནང་ཁུལ་གྱི་རེ་འདུན་གོང་ཞུའི་ཐབས་ལམ་ཤར་གཏོང་དང་། རྩོད་གཞི་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞུ་གཏུག་དང་རྒྱུ་མཚན་ཞུ་འབུལ་དྲང་གཞག་ལུགས་མཐུན་ངང་ཐག་གཅོད་བཅས་བྱས་ནས་ཕྱོཌ་ཁག་གི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་དོན་གནད་གལ་ཆེན་རྒྱུན་རྣམ་ཅན་གྱི་གྲོས་མོལ་དང་སྙིང་གཏམ་ཤོད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གྲོས་མོལ་བྱས་འབྲས་རྣམ་པ་འོས་འཚམ་གྱི་ཐོག་ནས་ལས་ཞུགས་ཚོགས་སྤྱི་གསར་པར་ཡོངས་བསྒྲཌ་བྱེད་དགོས། ལུགས་དང་མི་མཐུན་པར་གྲོན་དངུལ་བསྡུ་བ་དང་བར་གླ་འཐེན་པ་དང་། དྲང་གཞག་མིན་པའི་སྒོ་ནས་བཞུར་ཚད་བགོ་བཤའ་རྒྱག་པ། དེ་བཞིན་ཁྲོམ་རའི་བཀོལ་སྤྱོད་གནས་བབ་གང་བྱུང་སྤྱོད་པ་སོཌ་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཁྲིམས་དང་སྒྲིག་སྲོལ་ལྟར་རྩད་ཞིབ་ཐག་གཅོད་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དེ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་གདེང་འཇོག་མ་ལག་ཏུ་བཅུག་ནས། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་རིགས་རང་གཅུན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཀྱི་རྩིས་ཐབས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་བར་ལྟ་སྐུལ་བྱས་ནས། རྩིས་ཐབས་ཚད་ལྡན་དུ་གཏོང་བ་དང་གསལ་ཚད་ཆེ་རུ་བཏང་སྟེ། ལས་ཞུགས་ཚོགས་སྤྱི་གསར་པའི་རྩིས་ཐབས་སྒྲིག་སྲོལ་གྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། གདམ་ག་བྱེད་དབང་བཅས་ལ་འགན་སྲུང་བྱེད་དགོས། རྩིས་ཐབས་སྒྲིག་སྲོལ་ལེགས་སྒྲིག་ལེགས་སུ་གཏོང་བ་དང་། བཟོ་ཚོགས་དང་ལས་ཞུགས་ཚོགས་སྤྱི་གསར་པའི་འཐུས་མི་སོགས་ཀྱི་བསམ་འཆར་གང་ལེགས་ཉན་ཏེ། བགོ་བཤའ་རྒྱག་པའི་སྒྲིག་སྲོལ་དང་། རིན་གོང་རྩིས་རྒྱག་གི་སྒྲིག་སྲོལ། དུས་ཡུན་སྔོན་དཔག་སོགས་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རྩིས་ཐབས་ཀྱི་རྐྱེན་རྩ་དང་བཀོལ་སྤྱོད་བྱས་འབྲས་ལ་དུས་བཀག་ལྟར་ཞིབ་དཔྱད་དང་། ཚོད་སྐོར། ར་སྤྲོད་བཅས་བྱས་ཏེ་རྩིས་ཐབས་ཐོ་འགོད་ཚགས་འཇུག་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། མི་ཐབས་རིག་ནུས་དང་ཟོག་འགྲུལ་དྲ་རྒྱ་སོགས་གསར་གཏོད་ལག་རྩལ་སྤྱད་དེ་རྩིས་ཐབས་ལེགས་སུ་གཏོང་བར་མཐོང་ཆེན་བྱེད་དགོས། རྩིས་ཐབས་བདེ་འཇགས་ཚོད་སྐོར་དང་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ཁྲིམས་ལྟར་སྤེལ་དགོས།
ལྟ་སྐུལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ལས་རིགས་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཞུགས་ཚོགས་སྤྱི་གསར་པའི་ལུགས་མཐུན་གྱི་ཡོང་འབབ་དང་ཐོབ་ཐང་སྔོན་དཔག་ཆགས་པར་ཁྲིད་སྟོན་བྱེད་དགོས། “ནང་རྨུག་རྣམ་པའི”འགྲན་རྩོད་ཕྱོགས་བསྡུས་བཅོས་སྒྲིག་བྱས་ནས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས། ལས་ཞུགས་ཚོགས་སྤྱི་གསར་པའི་སྒེར་གྱི་གསང་དོན་དང་ཆ་འཕྲིན་བདེ་འཇགས་ཀྱི་སྲུང་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་དགོས། དངུལ་རྩའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། ལས་ཞུགས་ཚོགས་སྤྱི་གསར་པ་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་རང་བཞིན་གྱི་དངུལ་བུན་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་དགོས། ལས་ཞུགས་ཚོགས་སྤྱི་གསར་པ་དང་འབྲེལ་བ་ཡོད་པའི་མགོ་སྐོར་གཡོ་འཕྲུལ་དང་དངུལ་བུན་གཡོ་ལེན་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།