དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་ནས་གསར་དུ་བཙུགས་པའི་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་11%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27

    ཚོང་དོན་པུས་ཚེས་24ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་ནས་ཁེ་ལས་13987གསར་དུ་བཙུགས་པ་དེ་དུས་མཚུངས་ལས་11%འཕར་བ་དང་། དངོས་སུ་བེད་སྤྱོད་བྱས་པའི་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་2496ཟིན་ཡོད།

    དུས་ཚིགས་དང་པོར་ལག་རྩལ་མཐོ་བའི་ཐོན་ལས་ཐད་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར་1027.3ཟིན་པ་དེ་དུས་མཚུངས་ལས་30.7%འཕར་ནས་རྒྱལ་ཡོངས་སུ་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་གྱི་41.2%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་12འཕར་བ་རེད། དེའི་ནང་ཞིབ་སྤེལ་དང་ཇུས་འགོད་ཞབས་ཞུ་དང་། རྩིས་འཁོར་དང་གཞུང་དོན་སྒྲིག་ཆས་བཟོ་སྐྲུན་ལས་རིགས། གློག་རྡུལ་དང་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་ཐད་དངོས་སུ་སྤྱད་པའི་ཕྱི་རྒྱལ་གྱི་མ་དངུལ་དུས་མཚུངས་ལས་127.8%དང་། 88.1% 23.8%བཅས་སོ་སོར་འཕར་ཡོད་པ་རེད།

    ཡོང་ཁུངས་ནས་བལྟས་ན། ལུ་ཙེམ་པོག་དང་། སུའེ་ཙེར། ཧྥ་རན་སེ། ཧན་གོ་བཅས་ཀྱིས་དངོས་སུ་ཀྲུང་གོར་མ་དངུལ་བཏང་བ་དེ་དུས་མཚུངས་ལས་96.8%དང་། 50.4% 42.3% 35.2%བཅས (རང་མོས་གྲུ་ཁ་བརྒྱུད་མ་འཇོག་བྱས་པའི་གྲངས་གཞི་ཚུད་ཡོད)སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།