དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི་དོས་སྒམ་གྱི་སྤྱིའི་ཐོན་འབོར་སྒམ་ཁྲི་645ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27

    གསར་འགོད་པར་2026ལོའི་དོས་སྒམ་མཉམ་འདྲེན་སྣ་མང་ཨེ་ཤེ་ཡའི་འགྲེམས་སྟོན་ལས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་དོས་སྒམ་གྱི་སྤྱིའི་ཐོན་འབོར་གྱི་ཚད་ལྡན་སྒམ་ཁྲི་645ཙམ་ཟིན་པ་དང་། དེ་ནི་2021ལོ་དང་2024ལོའི་རྗེས་ཀྱི་ལོ་རྒྱུས་ཀྱི་མཐོ་ཤོས་ཨང་གསུམ་པར་སླེབས་ཤིང་། མུ་མཐུད་གོ་ལ་ཧྲིལ་པོའི་དོས་སྒམ་བཟོ་སྐྲུན་གྱི་སྔོན་ཚུད་གནས་བབ་བཟུང་ཡོད།

    སྒམ་གྱི་བཟོ་དབྱིབས་ངོས་ནས་བརྗོད་ན། 2025ལོར་གྲང་ཉར་དོས་སྒམ་གྱི་ཐོན་འབོར་གྱི་བསྡུར་ཚད་བཟུང་ཚད་7%ཙམ་ཟིན་པ་དང་། ལྕགས་ལམ་གྱི་ཏུན་35རིམ་པའི་དོས་སྒམ་ཐོན་འབོར་གྱི་བསྡུར་ཚད་བཟུང་ཚད་1.9%ཙམ་ཟིན་ཡོད། འབྲི་ཆུའི་ཟུར་གསུམ་གླིང་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་ནི་སྔར་བཞིན་རང་རྒྱལ་གྱི་དོས་སྒམ་ཐོན་སྐྱེད་བྱ་ཡུལ་གཙོ་བོ་ཡིན་ལ། ལས་རིགས་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཁྲོམ་རའི་ངོས་ནས་བརྗོད་ན། 2025ལོར་ཀྲུང་གོའི་དོས་སྒམ་ཕྱིར་གཏོང་གི་གྲངས་འབོར་ཁྲི་370.6ཡིན་པ་དང་། དོས་སྒམ་གྱི་ཕྱིར་གཏོང་དངུལ་འབོར་ཨ་སྒོར་དུང་ཕྱུར་131.2ཡིན་པ་དང་ཕྱིར་གཏོང་དངུལ་འབོར་གྱི་ཆག་ཚད་ཕྱིར་གཏོང་བྱེད་ཚད་ལས་མཐོ་བ་ཡོད། རྒྱལ་ནང་ཁྲོམ་ར་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་། རྒྱལ་ནང་དུ་དོས་སྒམ་འཚོང་འབོར་ཚད་ལྡན་སྒམ་ཁྲི་82.6ཙམ་ཟིན་ཞིང་། ལོ་གོང་མ་ལས་47.8%འཕར་བ་དང་། རྒྱལ་ནང་ཁྲོམ་རའི་བསྡུར་ཚད་བཟུང་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་7གྱིས་མང་བ་ཡོད།

    འདས་པའི་ལོ་གཅིག་ནང་། བཟོ་དབྱིབས་གསར་པའི་སྒམ་གྱི་བེད་སྤྱོད་བྱ་ཡུལ་རྒྱུན་མཐུད་ཆེ་རུ་བཏང་བ་དང་། ལྕགས་སྒྲོམ་དོས་སྒམ་དང་རླངས་འཁོར་སྐྱེལ་འདྲེན་ཆེད་སྤྱོད་སྒམ་སོགས་ཁྱབ་སྤེལ་དང་བེད་སྤྱོད་མགྱོགས་སུ་བཏང་བས། དགོས་མཁོར་ཆེད་ལས་ཅན་དང་མངགས་བཟོ་ཅན་གྱི་ཁྱད་ཆོས་མངོན་བཞིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཉམ་འདྲེན་སྣ་མང་དང“སྒམ་གཅིག་གིས་ཆོད་པ”སོགས་ཀྱི་སྲིད་ཇུས་ཁྱབ་སྤེལ་ལ་སྐུད་འདེད་ཟབ་མོ་གཏོང་བ་དང་བསྟུན་ནས། རྒྱལ་ནང་དོས་སྒམ་ཁྲོམ་རའི་འཕར་ཚད་ཀྱི་བར་མཐོངས་རྒྱུན་མཐུད་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།