ཚན་རྩལ་གྱིས་དཔྱིད་རྨོད་ལ་རམ་འདེགས་བྱས་པ།

དཔྱིད་རྨོད་དུས་ཚིགས་སུ་སི་ཁྲོན་ཞིང་ཆེན་ཏཱ་ཀྲོའུ་གྲོང་ཁྱེར་གྱི་ས་གནས་ཁག་གིས་ཞིང་དུས་དམ་འཛིན་བྱས་ནས་ཆུ་འབྲས་ཀྱི་ལྗང་པ་བཙུགས་ཤིང་། ཚན་རྩལ་གྱིས་ཐོན་སྐྱེད་ལ་མཐུན་རྐྱེན་སྦྱར་ནས་རིག་ནུས་ཀྱི་ལས་ཕྱོད་ཆེ་བའི་ལྗང་འཛུགས་འཕྲུལ་འཁོར་ནང་འདྲེན་བྱས་ཏེ་ཆུ་འབྲས་ཀྱི་ལྗང་པ་བཙུགས་པ་རེད། འདི་ནི་2026ལོའི་ཟླ་4ཚེས་24ཉིན། སི་ཁྲོན་ཞིང་ཆེན་ཏཱ་ཀྲོའུ་གྲོང་ཁྱེར་ཏཱ་ཁྲོན་ཆུས་ནན་གཡོད་གྲོང་རྡལ་ཅིའུ་ཡོན་གྲོང་ཚོའི་ཞིང་ནང་དུ་ཏང་ཡོན་དང་བླངས་པས་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ལྗང་འཛུགས་འཕྲུལ་འཁོར་བཏང་ནས་ཞིང་ནང་དུ་ལྗང་པ་འཛུགས་བཞིན་པ།
འབྲེལ་ཡོད་གསར་འགྱུར།