དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་སྤྱི་བདེ་ལས་ཁུངས་ཀྱིས་དབང་གནོད་དང་རྫུན་བཟོའི་ཉེས་གསོག་གྱོད་གཞི་ཁྲི་3.1གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོ་ནས་བཟུང་། སྤྱི་བདེ་པུས་ཤེས་རིག་བདག་དབང་གི་ཉེས་དོན་སྲུང་སྐྱོང་ལས་དོན་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས《ཤེས་རིག་བདག་དབང་གི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ནས་བཀྲམ་པ་དང་། “ཁུ་ནུ”དང“ཨན་ཤིན”སོགས་ཀྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་དབང་གནོད་དང་རྫུན་མའི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་རིག་བདག་དབང་ལ་བཙན་གནོད་དང་ཚོང་ཟོག་རྫུན་ཞན་བཟོ་བ་དང་ཕྱིར་ཚོང་གི་ཉེས་གསོག་གྱོད་གཞི་ཁྱོན་བསྡོམས་ཁྲི་3.1གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གཞན་ཡང་། ཉེ་ཆར་སྤྱི་བདེ་པུས་ལེའོ་ཉིང་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པའི་ཁྲེན་ཆེ་གེ་མོ་སོགས་ཀྱིས་ཆུ་ཚོད་སྤུས་རྟགས་རྫུན་མ་བཟོ་བ་དང་ཕྱིར་ཚོང་བྱས་པའི་གྱོད་གཞི་དང་། ཧྲང་ཧའེ་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པའི་རན་ཆེ་གེ་མོ་སོགས་ཀྱིས་ཚོང་ལས་ཀྱི་གསང་བར་བཙན་གནོད་བྱས་པའི་གྱོད་གཞི། ཀྲེ་ཅང་སོགས་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པའི་ཚུའེ་ཆེ་གེ་མོ་སོགས་ཀྱིས་དཔྱིད་གསར་དུས་ཆེན་གྱི་གློག་བརྙན་རྐུ་འཇུག་དང་བརྒྱུད་སྤེལ་བྱས་པའི་གྱོད་གཞི་སོགས་དཔེ་མཚོན་གྱོད་གཞི་10ཁྱབ་བསྒྲགས་བྱས་པ་རེད།

    སྤྱི་བདེ་ལས་ཁུངས་ཀྱིས“ཆེད་ལས་དང་། ལམ་སྲོལ། གྲངས་གཞི་ཆེ་མོ”བཅས་ཟུང་དུ་འབྲེལ་བའི་ཉེན་དོན་འཁོར་སྐྱོད་བྱེད་སྟངས་གསར་པར་བརྟེན་ནས་ཤེས་རིག་བདག་དབང་ལ་བཙན་གནོད་བཏང་བའི་ཉེས་གསོག་ལ་འཁོར་འབྲེལ་ཧྲིལ་པོས་རྡུང་རྡེག་བཏང་བ་དང་ཕྱོགས་ཡོངས་ནས་མཐུན་སྦྱོར་སྲུང་སྐྱོང་གི་རྣམ་པ་བཏོད་དེ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་རོགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཡོད། གསར་གཏོད་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་དང་། མཐོ་གསར་ལག་རྩལ་སོགས་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་པ། ཚོང་ལས་གསང་བར་བཙན་གནོད་བཏང་བའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ། ཉེས་དོན་གྱོད་གཞི་140ལྷག་ཙམ་མྱུལ་ཞིབ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པར་སྲུང་སྐྱོང་ཏན་ཏིག་བྱས་ཡོད། བཟའ་བཅའ་དང་སྨན་རྫས་རྫུན་ཞན་དང་། བདེ་སྲུང་ཐོན་རྫས་རྫུན་ཞན། ཤའི་རིགས་ཀྱི་ཐོན་རྫས་རྫུན་ཞན། མེ་ཟོན་ཐོན་རྫས་རྫུན་ཞན་སོགས་གཙོ་གནད་ཁྱབ་ཁོངས་སུ་ཐོན་མང་བའི་གནད་དོན་ལ་དམིགས་ནས། རྒྱུན་ཆད་མེད་པར་དྲ་ཐོག་ནས་སྐོར་ཞིབ་བྱས་པ་དང་རང་འགུལ་ངང་ཁུངས་སྣེར་གྲལ་བཤེར་བྱས་ཡོད། དཔྱིད་རྨོད་དཔྱིད་གྲབས་དང་ཞིང་ཆས་དགུན་གསོག་སོགས་ཞིང་ལས་དུས་ཚིགས་གལ་ཆེན་ལ་དམ་པོར་དམིགས་ཏེ། ཚོང་རྟགས་རྫུན་བཀལ་ས་བོན་གྱི་དབང་གནོད་དང་ཞིང་ཆས་རྫུན་མ་འཚོང་བ་སོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ཡོད། འཛད་སྤྱོད་ཁྱབ་ཁོངས་ཀྱི་རྫུན་ལྷད་ཞན་གསུམ་གྱི་ཉེས་གསོག་ལ་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་འཛད་སྤྱོད་གློག་རྡུལ་དང་། ཁྱིམ་སྤྱོད་གློག་ཆས། གྱོན་ཆས་སྒམ་ཁུག རིག་གནས་རོལ་རྩེད་སོགས་ཁྱབ་ཁོངས་ཀྱི་ཐོན་རྫས་རྫུན་མ་དང་། རང་རྒྱལ་གྱིས་བཟོས་པའི་དར་སོའི་སྤུས་རྟགས་རྫུན་མ། ཕྱི་ཕྱོགས་ཚོང་དོན་གྱི་ཐོན་རྫས་རྫུན་མ་བཅས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ། འབྱུང་རྩའི་རང་བཞིན་དང་ལས་རིགས་ཅན་གྱི་ཉེས་གསོག་དྲ་རྒྱ་ཁག་གཅིག་རྩ་གཏོར་བཏང་ཡོད། མཐུན་སྦྱོར་གྱི་ནུས་ཆེའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ“སྤྱི་བདེ་དང་སྲིད་འཛིན”ཟུང་འབྲེལ་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉེས་ཆད་དང་ལག་བསྟར་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་སུ་སྤོ་སྐྱེལ་ཤར་གཏོང་ཐུབ་པ། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་དམ་ཟབ་བྱེད་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་དང་། གློག་སྒུལ་རྐང་འཁོར། འཛུགས་སྐྲུན་གྱི་དྲོད་སྲུང་རྒྱུ་ཆ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་འཁོར་འབྲེལ་ཧྲིལ་པོའི་བཅོས་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ལས་ཀའི་ཁྲོད་ནས་ཤེས་རྟོགས་བྱུང་བའི་ལས་རིགས་ཀྱི“མངོན་མེད་སྒྲིག་སྲོལ”དང་ལྟ་སྡོམ་གྱི་སྐྱོན་ཆ་སོགས་ལ་དམིགས་ཏེ། སྲིད་འཛིན་སྡེ་ཚན་དང་ལས་སྟེགས་ཁེ་ལས་སོགས་ལ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།