དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་ཤིས་ཐུང་ཀུའུ་རུ་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ནས་ཕྲུ་གུ་ཚོའི་ཚན་རིག་གི་ཕུགས་འདུན་སྒྲུབ་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-27

    2026ལོའི་ཟླ་4ཚེས་24ཉིན། ཐུང་ཀུའུ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས“བྱིས་པར་ཚན་རིག་ཁྱབ་གདལ་གཏོང་། ཚན་རྩལ་གྱིས་འབྱུང་འགྱུར་གཏོད”ཅེས་པའི་སློབ་གྲྭར་ཚན་རིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་ཀའོ་ཆའོ་ཤང་ལྟེ་བའི་སློབ་གྲྭར་སྤེལ་བ་དང་། ཚན་རྩལ་ཁྱབ་གདལ་རླངས་འཁོར་གྱི་སྐོར་སྐྱོད་འགྲེམས་སྟོན་དང་། འཕྲུལ་མིའི་འཁྲབ་སྟོན། ཚན་རྩལ་ཁྱབ་གདལ་གྱི་ཚོད་ལྟ་ཆུང་ངུ་། ཚན་རྩལ་ཁྱབ་གདལ་གྱི་མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་སྟངས་བརྒྱུད་གྲོང་གསེབ་ཀྱི་ཕྲུ་གུ་ཚོས་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བ་དང་། ཚན་རིག་གི་སྤྲོ་སྣང་འཕེལ་ནས་ཕྲུ་གུ་ཚོའི་ཚན་རིག་ལ་སློབ་སྦྱོང་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སྤྱོད་པ་བཅས་ཀྱི་དགའ་མོས་གསོ་སྐྱོང་བྱས་ཡོད།

    འདི་ནི་ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཐུང་ཀུའུ་རྫོང་ཀའོ་ཆའོ་ཤང་ལྟེ་བའི་སློབ་གྲྭའི་སློབ་མ་ཚོས་འཕྲུལ་མི་དང་མཉམ་དུ་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།