མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་འཛུགས་པར་སྐུལ་འདེད་བརྟན་པོ་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཟླ་4ཚེས་8ནས་ཚེས་10ཉིན་བར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། མཚོ་སྔོན་དུ“ཁས་ལེན་གཉིས”ཀྱི་ཚད་གཞི་ལོན་པའི་རྫོང་རིམ་པ་ཡན་གྱི་ཞིང་ལས་ཐོན་རྫས་ཞིབ་དཔྱད་སྒྲིག་གཞི་24ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་པོ་ཚང་མར་ཁས་ལེན་གྱི་ཚད་གཞི་ལོན་པའི་ཚན་ལོན་ལག་ཁྱེར་སྤྲད་ཅིང་། རིམ་རྩིས་བརྒྱབ་ན་ཚད་ལོན་ལག་ཁྱེར་ཁྲི་257སྤྲད་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་འཛུགས་པར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་པ། ཤུགས་སྒྲིལ་རོགས་ལས་བྱེད་པ། “ཐོན་སྐྱེད་ཐུབ་པ”དང“དོ་དམ་ཐུབ་པ”གཉིས་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱེད་པ། “བདེ་འཇགས་འགན་ལེན”དང“སྤུས་ཚད་ལེགས་གཏོང”ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། ལྟ་འདོམས་ཀྱི་འགན་འཁྲི་ཞིང་ནང་དང་མུ་ཁར་དོན་འཁྱོལ་ནན་པོ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་འཁོར་འབྲེལ་ཧྲིལ་པོའི་ལྷུ་ཚིགས་ཚང་མར་དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ། ལྟ་འདོམས་ཀྱི་ལས་ཀ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། མིག་སྔར། ཞིང་ཆེན་ཡོངས་སུ་སྐྱེ་ལྡན་རྩྭ་ཐང་གི་ཁས་ལེན་དཔང་འདོན་བྱས་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་4.5(སྤྱི་ཆིང་དུང་ཕྱུར་0.3)ཟིན་ནས། རྒྱལ་ཡོངས་སུ་སྤྱོད་རུང་རྩྭ་ཐང་གི་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་པའི་ཞིང་ཆེན་དང་པོར་གྱུར་ཡོད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དུས་བབ་ཡག་ཏུ་བརྟན་པོ་འགྲོ་བ་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་མེད་པས་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་ལ་རྨང་གཞི་བཏིང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།