དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གིས།

    གཞི་རིམ་སྒྲོག་འགྲེལ་པ་དཔྱད་འདེམས་ཀྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-27

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཤང་དང་གྲོང་རྡལ་ཁག་ཏུ་གཞི་རིམ་གྱི་སྒྲོག་འགྲེལ་པ་དཔྱད་འདེམས་ཀྱི་འགྲན་བསྡུར་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10ནས་ཡོང་བའི་གཞི་རིམ་སྒྲོག་འགྲེལ་པས་གཅིག་རྗེས་གཉིས་མཐུད་ངང“འགྲན་སྟེགས”ཐོག་འཛེགས་ནས“དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་བརྩེ་བ་ཟབ་ཅིང་བབ་ཆགས་པའི་སྐད་ཆའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་གསོན་ཉམས་དོད་པོས་བརྗོད་པ་རེད།

    ཤང་དང་གྲོང་རྡལ་ཁག་གི་འགྲན་བསྡུར་བྱ་ཡུལ་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། བདམས་ཐོན་པ་ཚོས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ། ཤེས་དཔལ་སྲོལ་གསར། གསར་བརྗེའི་གཏམ་རྒྱུད། དེ་བཞིན་ཕ་ཡུལ་གྱི་འཕོ་འགྱུར་ཆེན་པོ་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ནས་སྒྲོག་འགྲེལ་གྱི་ནང་དོན་ཞིབ་ཚགས་སུ་བཏང་བ་རེད།

    དཔྱད་འདེམས་འགྲན་བསྡུར་དྲང་གཞག་དྲང་བདེན་ཡོང་བའི་འགན་ལེན་བྱ་ཆེད། ཤང་དང་གྲོང་རྡལ་ཁག་གིས་ཆེད་མངགས་དཔྱད་ཞིབ་ཚོགས་པ་བཙུགས་ཏེ་སྒྲོག་འགྲེལ་གྱི་ནང་དོན་དང་། སྐད་ཆ་ཤོད་སྟངས། ས་གནས་ས་ཐོག་གི་ཡིད་དབང་འགུག་ནུས། གཞི་རིམ་གྱི་དོན་དངོས་དང་སྒྲོག་འགྲེལ་གྱི་ཕན་འབྲས་སོགས་ཕྱོགས་མང་པོར་དམིགས་ནས་འགྲན་ཞུགས་བདམས་ཐོན་པར་ཕྱོགས་བསྡུས་སྐར་མ་བརྒྱབ་པ་དང་འབྲེལ། ས་གནས་ས་ཐོག་ཏུ་དཔྱད་བརྗོད་ཀྱང་བྱས་པ་རེད། དཔྱད་འདེམས་པ་ཚོས་བདམས་ཐོན་པའི་ཉམས་བཟང་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། དམིགས་སུ་ལེགས་བཅོས་ཀྱི་གྲོས་འགོ་ཡང་བཏོན་ཏེ་གཞི་རིམ་གྱི་སྒྲོག་འགྲེལ་པ་ཡར་རྒྱས་འགྲོ་རྒྱུར་རོགས་རམ་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།