དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས་5.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-26

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་25141ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ཡོད་པ་རེད།

    དུས་ཚིགས་དང་པོར་ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་336ཟིན་པ་དེ་དུས་མཚུངས་ལས་7.1%འཕར་བ་དང་། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་15987ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བ། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4833ཟིན་པ་དེ་དུས་མཚུངས་ལས་8.1%འཕར་ཡོད། དེའི་ནང་གློག་གསོག་པ་དང་གློག་རྫས་བརྗེ་བའི་ཞབས་ཞུའི་ལས་རིགས་དང་། དྲ་སྦྲེལ་གྱི་གྲངས་གཞིའི་ཞབས་ཞུའི་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་376དང་ཆུ་ཚོད་ཆན་ཝ་དུང་ཕྱུར་229སོ་སོར་ཟིན་ནས་འཕར་ཚད་53.8%དང་44%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3985ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།