དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་23.5%འཕར་བ།
གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར། ཀྲུང་དབྱང་ཁེ་ལས་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ལ་གོ་རིམ་ལྡན་པ་དང་། གཉེར་སྐྱོང་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ལེགས་སུ་ཕྱིན་པ། ནུས་ལྡན་གྱི་མ་འཇོག་བྱེད་ཤུགས་ཆེ་བ། རིན་ཐང་ལྡན་པའི་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཅས་ཕྱིན་ཡོད།
དུས་ཚིགས་དང་པོར། ཀྲུང་དབྱང་ཁེ་ལས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི་1.05བྱས་པ་དེ་དུས་མཚུངས་ལས་23.5%འཕར་ནས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྒྱ་ཆའི་གྲངས་2འཕར་བར་སྐུལ་ཁྲིད་ཐུབ་ཡོད། འཕར་ཐང་སྒོར་དུང་ཕྱུར་ཁྲི་2.7ཟིན་པ་དེ་དུས་མཚུངས་ལས་3%ཙམ་འཕར་ཡོད། གློག་ཚད་ཕྱིར་ཚོང་དང་། མཁའ་ཐོག་སྐྱེལ་འདྲེན། ཆུ་ཐོག་སྐྱེལ་འདྲེན་གྱི་འཁོར་རྒྱུག་བསྡོམས་འབོར། བཅོས་སྣུམ་ཕྱིར་ཚོང་བྱེད་ཚད། རྡོ་སོལ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་སོགས་རྨང་གཞིའི་མཁོ་སྤྲོད་བརྟན་པོའི་ངང་འཕར་ནས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ཐོན་ལས་གསར་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་19.5%འཕར་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།