རྒྱལ་ཡོངས་ཀྱི་ཆན་ཝ་6000གི་འབྲིང་གནོན་གློག་འདོན་རླངས་འཁོར་ཐོག་མ་མཚོ་སྔོན་གོར་མོར་ཚོད་ལྟ་ལེགས་གྲུབ་བྱུང་བ།
ཉེ་ཆར། རྒྱལ་ཡོངས་ཀྱི་ཆན་ཝ་6000གི་འབྲིང་གནོན་གློག་འདོན་རླངས་འཁོར་ཐོག་མ་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གསར་སྤེལ་ཁུལ་དུ་ས་བབ་མཐོ་བའི་ཐེག་ཁུར་འཁོར་སྐྱོད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྟོན་གྲངས་ཁག་ཚང་མ་འཆར་འགོད་ཀྱི་བླང་བྱ་དང་མཐུན་ཡོད། བྱ་ཐབས་དེས་ས་བབ་མཐོ་བའི་ས་ཁུལ་དུ་རྒྱལ་ནང་གི་ནུས་ཚད་ཆེ་བའི་འབྲིང་གནོན་གློག་འདོན་རླངས་འཁོར་གྱི་ཐེག་ཁུར་འཁོར་སྐྱོད་ལག་རྩལ་གྱི་སྟོང་ཆ་བསྐངས་ནས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་འགག་རྩའི་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱས་ཡོད།
དེ་གོང་བཟོ་དབྱིབས་དེའི་གློག་འདོན་རླངས་འཁོར་དེ་པེ་ཅིང་དང་ཧྥུའུ་ཅན་སོགས་སུ་སྡེར་ཐང་དང་མཚོ་རྒྱུད་ཀྱི་ཚྭ་སྨུག་མཐོ་བའི་ཁོར་ཡུག་གི་ཐེག་ཁུར་འཁོར་སྐྱོད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། རྣམ་གྲངས་དེའི་འགན་འཁུར་བས་གློག་འདོན་རླངས་འཁོར་དེས་ཕྱོགས་གསུམ་པའི་ཆེད་ལས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཞིབ་དཔྱད་ཚད་ལེན་བརྒྱུད་ས་བབ་མཐོ་ཚད་སྨི་4500ཡི་ས་མཐོའི་ཁོར་ཡུག་འོག་དེའི་ཐེག་ཁུར་གྱི་ཤོང་ཚད་གྲངས་བཅད་ཤོང་ཚད་ཀྱི་85%ཡན་བརྟན་པོ་བྱུང་ནས་ནུས་ཚད་ཟད་ཚད་ཧ་ཅང་དམའ་པོ་ཡོད་ཅེས་ངོ་སྤྲོད་བྱས།
རླུང་གནོན་དམའ་བ་དང་དྲོད་ཚད་ཀྱི་ཧེ་བག་ཆེ་བ་སོགས་ཀྱི་ས་མཐོའི་ཁོར་ཡུག་འོག་སྒྲིག་ཆས་དེའི་ནུས་པར་སྔར་བས་ཞིབ་དཔྱད་བྱ་ཆེད། ཆེད་ལས་མི་སྣས་ཆེད་མངགས་སྒྲིག་ཆས་དེ་ཆ་སྙོམས་ས་བབ་སྨི་2800ཟིན་པའི་གོར་མོ་གྲོང་ཁྱེར་དུ་དབོར་ནས་ཚད་ལེན་ཚོད་ལྟ་བྱས་ཡོད། ཚད་ལེན་ཚོད་ལྟའི་གྲངས་གཞི་ལས་མངོན་པར། གློག་འདོན་རླངས་འཁོར་འཁོར་སྐྱོད་དུས་ཚོད་སྲོལ་རྒྱུན་སྒྲིག་ཆས་ལས་30%ཙམ་ཐུང་བ་དང་དྲ་སྦྲེལ་རྡབ་རྡེག་གློག་རྒྱུན་རྒྱུན་གཏན་གྲངས་གནས་ཀྱི་ལྔ་ཆ་གཅིག་ཆག་མོད། འོན་ཀྱང་སྲོལ་རྒྱུན་གྱི་ཆན་ཝ་1000གི་གློག་འདོན་རླངས་འཁོར་གྱིས་དེ་མཚུངས་ཀྱི་ས་བབ་ཆ་རྐྱེན་འོག་གྲངས་བཅད་ནུས་ཚད་ཀྱི་60%ནས་70%ལས་གཏོང་ཐུབ་ཀྱི་མེད་པ་རེད།
འབྲེལ་ཡོད་གསར་འགྱུར།