དུས་ཚིགས་དང་པོར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཐོན་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ།
གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་ཐོན་ཚད་དང་། ཤི་བ་དང་གར་སོང་ཆ་མེད་དུ་གྱུར་པའི་མི་གྲངས་དུས་མཚུངས་ལས་26.7%དང་22.7%སོ་སོར་ཉུང་དུ་ཕྱིན་པ། ལས་འཛོལ་ཚབས་ཆེན་ཐོན་མེད་པས། ས་ཁུལ་དང་ལས་རིགས་ཁྱབ་ཁོངས་མང་ཆེ་བའི་བདེ་འཇགས་དུས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།
གཙོ་གནད་ལས་རིགས་ཁྱབ་ཁོངས་སུ། ཉ་ལས་གྲུ་གཟིངས་དང་། རྡོ་སོལ་གཏེར་ཁ། རྫས་འགྱུར་བཟོ་ལས། ཨར་སྐྲུན་ལས་རིགས། ལྕགས་ལམ་སྐྱེལ་འདྲེན། གཞུང་ལམ་སྐྱེལ་འདྲེན། མཁའ་འགྲུལ་སྐྱེལ་འདྲེན་བཅས་ལས་རིགས་ཁྱབ་ཁོངས་ཁག་7གྱི་ལས་འཛོལ་ཐོན་ཚད“གཉིས་ཆག”བྱུང་ཡོད། འོན་ཀྱང་། ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ཁག་གཅིག་ཏུ་ལས་འཛོལ་ཅུང་ཆེ་བ་དང་ཉེན་ཁའི་ལས་འཛོལ་ཚབས་ཆེན་ཐོན་མང་བ་མ་ཟད། གཏེར་རི་དང་། རྫས་འགྱུར་བཟོ་ལས། མེ་ཟོན། ཤོག་སྦག་སོགས་ལས་རིགས་ཁྱབ་ཁོངས་སུ་ཁྲིམས་དང་མི་མཐུན་པའམ་ཁྲིམས་འགལ་ངང་ཐོན་སྐྱེད་བྱེད་པའི་བྱེད་སྤྱོད་ཐོན་མང་དུ་ཕྱིན་པས། ལས་འཛོལ་ཚབས་ཆེན་དང་དམིགས་བསལ་ལས་འཛོལ་ཚབས་ཆེན་གཏན་འགོག་གི་གནོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།