དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་3པའི་ཟླ་མཇུག་བར་དུ་5Gསྒུལ་འཕྲིན་ཁ་པར་སྤྱོད་མཁན་དུང་ཕྱུར་12.54ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-26

    བཟོ་ལས་དང་ཆ་འཕྲིན་ཅན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་3པའི་ཟླ་མཇུག་བར་དུ། རང་རྒྱལ་དུ་5Gསྒུལ་འཕྲིན་ཁ་པར་སྤྱོད་མཁན་དུང་ཕྱུར་12.54ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི་4953མང་དུ་ཕྱིན་ནས། སྒུལ་འཕྲིན་ཁ་པར་སྤྱོད་མཁན་གྱི་68.3%ཟིན་ཡོད་པ་རེད།

    5Gདྲ་རྒྱ་སྐྲུན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་3པའི་ཟླ་མཇུག་བར་དུ། 5Gསྦྲེལ་ཚུགས་བསྡོམས་འབོར་ཁྲི་495.8ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་ཁྲི་12འཕར་ནས། སྒུལ་འཕྲིན་སྦྲེལ་ཚུགས་བསྡོམས་འབོར་གྱི་38.2%ཟིན་པ་དང་། ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་ཕྱིན་ཡོད། གཏན་འཇགས་དྲ་ཆེན་སྤྱོད་མཁན་གྱི་གཞི་ཁྱོན་ཆེ་རུ་བརྟན་པོ་ཕྱིན་པ་དང་ཀྲའོ་སྟོང་སྤྱོད་མཁན་རྒྱུན་མཐུད་མང་དུ་འགྲོ་བཞིན་ཡོད། ཟླ་3པའི་ཟླ་མཇུག་བར་དུ། རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་གསུམ་གྱི་གཏན་འཇགས་དྲ་སྦྲེལ་སྤྱོད་མཁན་ཁྱོན་མི་གྲངས་དུང་ཕྱུར་6.97ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི་584.1མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།