དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་ཁག་150ལྷག་ཙམ་ནས་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-26

    ཚེས་23ཉིན། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ནང་འདྲེན་བྱེད་ཚད་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ལག་རྩལ་མཐོ་གསར་གྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས། འདུས་གྲུབ་གློག་ལམ་དང་གློག་ཀླད་ཀྱི་ལྷུ་ལག་ནང་འདྲེན་བྱེད་ཚད་41.4%དང་45.3%སོ་སོར་འཕར་ཡོད། འབོར་ཆེའི་ཚོང་ཟོག་ནང་འདྲེན་བྱེད་ཚད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། མ་བཅོས་རྡོ་སྣུམ་དང་། ལྕགས་གཏེར། འབྲུ་རིགས་བཅས་8.9%དང་། 10.5% 11.2%བཅས་སོ་སོར་འཕར་ཡོད་པ་རེད།

    རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་ཁག་150ལྷག་ཙམ་ནས་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་རང་རྒྱལ་གྱི་ནང་འདྲེན་ཡོང་ཁུངས་ཆེ་ཤོས་ཡིན་པ་དེས་ནང་འདྲེན་བསྡོམས་འབོར་གྱི་14.8%ཟིན་ཡོད། RCEP(《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》)ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ཡོ་རོབ། ལ་ཏིང་མེ་གླིང་བཅས་ནས་ནང་འདྲེན་བྱེད་ཚད་25%དང་། 26.4% 26.3%བཅས་སོ་སོར་འཕར་ནས་སྤྱི་ཡོངས་ཀྱི་འཕར་ཚད་ལས་མཐོ་བ་ཡོད་པ་རེད།

    ཚོང་དོན་པུས། “ཕྱིར་གཏོང་ཀྲུང་གོའི”སྤུས་རྟགས་གཏོད་པར་ཤུགས་སྣོན་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་འདེགས་སྐྱོར་ལ་ཤུགས་སྣོན། ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནང་འདྲེན་འགྲེམས་ཚོགས་མུ་མཐུད་ཡག་པོ་གཉེར་བ། རྒྱལ་ཁབ་ཀྱི་ནང་འདྲེན་ཚོང་དོན་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་གྱི་ནུས་པ་དེ་བས་གང་ལེགས་འདོན་པ་བཅས་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།