དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དཔེ་དེབ་ཀྱི་དྲི་ངད་གང་སར་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-26

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧོ་ཀྲོའུ་གྲོང་ཁྱེར་ཧྥུའུ་ཁྲོན་ཡའོ་རིགས་རང་སྐྱོང་རྫོང་གི་སློབ་མས་དགེ་རྒན་དང་ཁྱིམ་བདག་གི་མཛུབ་ཁྲིད་འོག་དཔེ་དེབ་ལྟ་བཞིན་པ།

    པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་སུ་ཡོད་པའི་པེ་ཅིང་གྲོང་ཁྱེར་དཔེ་མཛོད་ཁང་གི་ཟུར་ཞིག་ཡིན་པ།

    ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དབྱི་ལིང་ཆུས་ཀྱི་གྲོང་མིས“དཔེ་ཀློག་གི་དྲི་ཞིམ་ཏེང་གྲོང་ཚོའི་གང་སར་འཐུལ”ཞེས་པའི་དཔེ་ཀློག་བྱེད་སྒོར་ཞུགས་བཞིན་པ།

    སློབ་མས་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་གི་ཤིན་ཧྭ་དཔེ་ཚོང་ཁང་དུ་དཔེ་དེབ་ལྟ་བཞིན་པ།

    གྲོགས་པོ་ཆུང་ཆུང་ཞིག་གིས་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཡན་ཐ་ཆུས་དབྱི་ཅ་ཧུའུ་ཚོང་རའི་ཤི་ཤི་ཧྥུའུ་དཔེ་ཚོང་ཁང་དུ་དཔེ་དེབ་ལྟ་བཞིན་པ།

    ཅང་ཤིས་ཞིང་ཆེན་ཤིན་ཡུས་གྲོང་ཁྱེར་ཤན་ཉུས་ཧུའུ་ཆུས་ཁོན་ཤིན་གྲོང་རྡལ་གྱི་རིག་གནས་བསམ་བཀོད་དཔེ་ཁང་དུ་གྲོང་མིས་དཔེ་དེབ་ལྟ་བཞིན་པ།

    ཧྲན་ཤིས་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་ཞང་ཧྥུན་རྫོང་ནན་ཅཱ་གྲོང་རྡལ་ནན་ཅཱ་གྲོང་ཚོར་གྲོགས་པོ་ཆུང་ཆུང་ཞིག་གིས་ཡིག་རིས་དཔེ་དེབ་ལྟ་བཞིན་པ།

    གྲོང་མིས་ཧྲང་ཧའེ་གྲོང་ཁྱེར་གྱི་རྨིན་ཞིན་ཁུལ་ཨའེ་ཆིན་ཧའེ་ཉོ་སྒྲུབ་སྤྱི་གླིང་གི“འོད་སྣང་གི་བར་མཐོངས”ཞེས་པའི་ཤིན་ཧྭ་དཔེ་ཚོང་ཁང་དུ་དཔེ་དེབ་ལྟ་བཞིན་པ།

    ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་གི་དཔེ་མཛོད་ཁང་གིས“ལོ་ཆུང་བྱིས་པའི་དཔེ་ཀློག་མཉམ་སྤྱོད་བྱེད་སྒོ”སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་དགེ་རྒན་གྱིས་བྱིས་པར་ཡིག་རིས་སྒྲུང་དེབ་མཉམ་སྤྱོད་བྱེད་བཞིན་པ།

    དཔེ་ཀློག་གི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་དཔེ་དེབ་ཀློག་རྒྱུ་ནི་ཆེས་རྩ་བའི་རིག་གནས་འཛུགས་སྐྱོང་བྱེད་སྟངས་ཤིག་རེད། ད་ལོའི་ཟླ་2ཚེས་1ཉིན་ནས་བཟུང《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》ལག་ལེན་བསྟར་བ་དང་ཟླ་4པའི་གཟའ་འཁོར་བཞི་པ་ནི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”ཐོག་མ་དེ་ཡིན་པ་རེད། “འཛམ་གླིང་དཔེ་ཀློག་ཉིན་མོ”ནས“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར”བར་རིང་དུ་བཏང་བ་ནི་དུས་ཚོད་ཙམ་ཡིན་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་སུ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་ཞིག་དེ་བས་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་འཁྲུག་ཆ་དོད་ལ་རྣམ་པ་མི་འདྲ་བའི་དཔེ་ཀློག་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། 2025ལོར་རྒྱལ་དམངས་ཀྱི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་82.3%བར་མཐོ་རུ་ཕྱིན་པ་དང་མི་རེའི་ཆ་སྙོམས་དཔེ་ཀློག་བྱེད་ཚད་དེབ་8.39བར་མང་དུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།