དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་ནས་དམངས་ཀྱི་བདེ་ཐང་འགན་སྲུང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-26

    ཉེ་དུས་ནི་རྒྱལ་ཡོངས་ཀྱི་སྐྲན་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་གཟའ་འཁོར་ཐེངས་32པ་ཡིན་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“སྔོན་ཚུད་ནས་སྔོན་འགོག་དང་། གྲལ་བཤེར། སྨན་བཅོས་བཅས་བྱས་ཏེ་སྐྲན་ནད་མཉམ་དུ་འགོག་བཅོས་བྱེད”ཅེས་པ་དེ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང(སྨན་ཁུལ་རྙིང་པ)གིས་སྒོ་བསྟེན་སྨན་ཁང་གི་ཚོམས་ཆེན་དུ་ཚན་ཁག་མང་པོའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་བ་རེད། སྐྲན་ནད་ཚན་ཁག་དང་། ཕྱི་བཅོས་ཚན་ཁག འཇུ་བྱེད་ཚན་ཁག་སོགས་ཚན་ཁག་གི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ལ་གཅིག་གཏད་གཅིག་གི་བློ་འདྲི་དང་རིན་མེད་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་ཞུས་ཏེ་འགོག་བཅོས་ཀྱི་འགག་སྒོ་སྔ་ཙམ་ནས་སྲུང་བར་སྐུལ་འདེད་བཏང་ཡོད། འདི་ནི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།