དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《ཆུ་ཚད་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-25

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཟླ་4ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཆུ་ཚད་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་རེད།

    ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ནི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་དང་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད།

    ཆུ་ཚད་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་ཆེད། 《བསམ་འཆར》ནང་། ཐོག་མཐའ་བར་གསུམ་དུ་གྲོན་ཆུང་སྔོན་འཇོག་གི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ། ཆུ་ཚད་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། ནུས་རྒྱུ་འཛད་སྤྱོད་ཀྱི་སྤྱི་འབོར་ལུགས་དང་མི་མཐུན་པར་འཕར་རྒྱུ་མཐའ་གཅིག་ཏུ་འགོག་པ། ནུས་རྒྱུའི་ཐོན་ཁུངས་ལས་ཐོན་པའི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། འབྱུང་རྩ་ནས་ཐཱན་འབུད་ཉུང་གཏོང་བཅས་བྱས་ཏེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་མངོན་འགྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བར་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    《བསམ་འཆར》ནང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་ལྗང་མདོག་ཕྱོགས་སྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལས་དོན་གྱི་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།

    ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་ལྗང་མདོག་ཕྱོགས་སྒྱུར་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐད་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྤྱི་འདོམས་བྱེད་དགོས། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལྕག་སྐུལ་གཅུན་འདོམས་དང་ཚད་གཞི་མཐོར་གཏོང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ་དང་བཙོག་འབུད་མང་བའི་རྣམ་གྲངས་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། མཐོ་གསར་ལག་རྩལ་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་མགྱོགས་པོ་གཏོང་བ། ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཐཱན་མེད་གླིང་ཁུལ་སྐྲུན་པར་སྐུལ་འདེད་གཏོང་དགོས། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་ལ་སྤྱི་འདོམས་བྱེད་དགོས། འགྱུར་བྱུང་ནུས་རྒྱུའི་འཛད་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་པ་དང་། རྡོ་སོལ་ཉུང་འཕྲི་དང་རྡོ་སྣུམ་ཚོད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྡོ་སོལ་སིལ་མའི་ཚབ་བྱེད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རྡོ་སོལ་འཛད་སྤྱོད་དང་རྡོ་སྣུམ་འཛད་སྤྱོད་རིམ་བཞིན་མཐོ་ཤོས་ལ་སླེབས་པར་སྐུལ་འདེད་གཏོང་དགོས། འགྱུར་བྱུང་མིན་པའི་ནུས་རྒྱུ་དང་ནུས་གསོག་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གློག་ཤུགས་མ་ལག་གསར་པ་སྐྲུན་མགྱོགས་སུ་བཏང་སྟེ། ནུས་རྒྱུ་གཙང་མ་ནས་གློག་གཏོང་ཚད་སྤྱི་ཚོགས་གློག་སྤྱོད་ཀྱི་དགོས་མཁོ་གསར་པར་རིམ་གྱིས་ཁྱབ་པར་སྐུལ་འདེད་གཏོང་དགོས།

    གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བཟོ་ལས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་ཤུགས་སྣོན་རྒྱག་དགོས། ལྕགས་དང་ངར་ལྕགས་དང་། མདོག་ལྡན། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ་སོགས་གཙོ་གནད་ལས་རིགས་ཀྱི་ནུས་འབྲས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་ཁེ་ལས་དབར་ནུས་པ་བརྗེ་རེས་དང་རིམ་གྱིས་སྤྱོད་པར་ཤུགས་སྣོན་བརྒྱབ་སྟེ། གླིང་ཁུལ་གྱི་ནུས་རྒྱུའི་མ་ལག་སྤྱི་ཡོངས་ལེགས་སྒྱུར་དང་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཨར་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་ཤུགས་སྣོན་རྒྱག་དགོས། ནུས་ཁུངས་ཟད་གྲོན་ཆུང་བའི་ཨར་ལས་གཞི་ཁྱོན་ཅན་གྱི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཨར་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་སྒྱུར་བཀོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཨར་སྐྲུན་དང་འོད་ཤུགས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཐཱན་མེད་སྐྱེལ་འདྲེན་བར་ཁྱམས་བསྐྲུན་ནས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་སྐྱེལ་འདྲེན་ཡོ་ཆས་ཁྱབ་གདལ་གཏོང་དགོས། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་མགྱོགས་པོ་གཏོང་དགོས། སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ལས་དོན་གཏིང་ཟབ་སྤེལ་དགོས།

    ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་ཐད། 《བསམ་འཆར》ནང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་ཞིབ་བཤེར་གདེང་འཇོག་ནན་དུ་བཏང་སྟེ་ནུས་རྒྱུ་ཟད་གྲོན་ཆེ་བ་དང་འབུད་ཚད་མང་བའི་བཟོ་ལས་རྣམ་གྲངས་གསར་སྐྲུན(བཟོ་བཅོས་དང་རྒྱས་སྐྲུན)བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཆར་འགོད་ནང་འཇུག་པ་དང་དེ་བཞིན་ཞིབ་མཆན་དང་། ཞིབ་དཔྱད་ཆོག་མཆན། ཐོ་འགོད་སྙན་སེང་བཅས་ཀྱི་འགྲོ་ལུགས་གཉེར་སྐབས་ཐཱན་འབུད་ཚད་འདྲ་མཚུངས་སམ་ཡང་ན་ཉུང་གཏོང་གི་ཇུས་གཞི་བཟོ་དགོས་པ་དང་། གཙོ་གནད་ནུས་སྤྱོད་དང་ཐཱན་འབུད་གཏོང་ཚན་པའི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་དོ་དམ་ཡིག་ཚགས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་དང་སྡེ་ཚན་མཉམ་འབྲེལ་གྱིས་ཁྲིམས་སྒྱུར་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།