དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱི་ཧྲོང་ཧུང་།   |     སྤེལ་དུས།  2026-04-25

    ཚོང་ཟོག་ཆུང་གྲས་ཁྲོམ་ར་ཆེན་པོར་བཏོན། ཚོང་ཟོག་ཆུང་གྲས་ཐོན་ལས་ཆེན་པོར་འགྱུར་བར་བྱས། ཀྲེ་ཅང་དབྱི་ཝུའུ་ཡི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་རེད། “དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”སྔར་བས་ཕྱོགས་སྡོམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བཞིན“རང་རང་སོ་སོའི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་འཚོལ་ཞིབ་བྱེད་དགོས་པ”དེ་རེད།

    ཡུལ་བབ་དང་བསྟུན་པར་དོན་དངོས་ལ་གཞི་འཛུགས་དགོས། ཚོང་དོན་ལས་རིགས་ཀྱི་རྨང་གཞི་བརྟན་པོར་བརྟེན་ནས་དབྱི་ཝུའུ་ཡིས“ཚོང་ལས་དར་རྒྱས་བཏང་ནས་ཁྲོམ་ར་གཏོད་རྒྱུར”གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲོལ་རྒྱུན་གྱི་ཚོང་དོན་རྣམ་པ་ནས་གྲངས་འཛིན་ཚོང་དོན་ཁོར་ཡུག་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། མཚོ་སྔོན་གསེར་ཆེན་རྫོང་གིས་ནུས་རྒྱུ་གཙང་མ་སྒུལ་ཤུགས་སུ་བྱས་ཏེ་བྱེ་ཐང་སྤང་ལྗོངས་སུ་སྒྱུར་བ་དང་ཐང་རྒོད་ནོར་གཞོང་དུ་འགྱུར་བར་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཐུབ།

    “ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དབང་ཆ་ཆེར་གཏོང་སྒྱུར་བཅོས”ལག་ལེན་བསྟར་བ་ནས་རྒྱལ་སྤྱིའི་ཚོང་དོན་ཕྱོགས་བསྡུས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བའི་བར་དང་། དེ་ནས་ཕྱོགས་བསྡུས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་པའི་བར། དབྱི་ཝུའུ་ཡིས་སྒྱུར་བཅོས་གསར་གཏོད་ཀྱི“བབ་བསྟུན་ལས་སྒྲུབ”བརྒྱུད། སྒུལ་ནུས་ཆེན་པོ་འཕེལ་ཡོད། དེས་ང་ཚོར་འཕེལ་རྒྱས་ཀྱི་འགག་གནད་ཇི་ཙམ་འཕྲད་ན་སྒྱུར་བཅོས་སྒོ་དབྱེའི“ཐབས་མཆོག་གལ་ཆེན”དེ་ཙམ་གྱིས་བེད་སྤྱོད་ཡག་པོ་བྱས་ནས། སྒྲིག་སྲོལ་ལམ་སྲོལ་གྱི་བཀག་རྒྱ་གཏོར་ཕོད་པ་དང་ཕྱི་ནང་འཁོར་རྒྱུག་ཤར་གཏོང་བྱེད་དགོས་པའི་བློ་སྒོ་ཕྱེ་ཡོད།

    དབྱི་ཝུའུ་ཡིས“བྱ་སྒྲོ་ཀ་ར་དང་བརྗེ་བ”ནས“གོ་ལ་ཧྲིལ་པོར་ཉོ་ཚོང་བྱེད་པའི”བར་གྱི་འགྱུར་ལྡོག་ནི་མི་རབས་ནས་མི་རབས་བར་བསམ་བློ་གཏོང་ཕོད་པ་དང་། བྱེད་ཕོད་པ། ཚོད་ལྟ་བྱེད་ཕོད་པ། སྒྲུབ་ཕོད་པ་བཅས་ལ་བརྟེན་པས་ཡིན། མིག་སྔར། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་སྤེལ་བཞིན་ཡོད་པས། དེ་གོ་སྐབས་སུ་བྱས་ནས། སྒྱུར་བཅོས་གསར་གཏོད་དང་། དངོས་འཛིན་དངོས་སྒྲུབ། སྙིང་རུས་གཏན་འཁྱོངས་བཅས་མཐའ་འཁྱོངས་བྱས་ཚེ། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།