དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རིག་གནས་གཤམ་སྐྱེལ་བྱས། ལས་བཟོར་ཕན་པ་སྐྲུན”ཞེས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-04-25

    གསར་འགོད་པར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བརྡ་ཐོ་བཀྲམ་ནས་2026ལོའི“རིག་གནས་གཤམ་སྐྱེལ་བྱས། ལས་བཟོར་ཕན་པ་སྐྲུན”ཞེས་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། བྱེད་སྒོ་དེས“བསམ་བློ་དང་། རིག་གནས་ལུས་རྩལ། བདེ་ཐང་། རྩལ་ནུས། ཞབས་ཞུ། འཛད་སྤྱོད་བཅས་སྐྱེལ་རྒྱུ”ནང་དོན་གཙོ་བོར་བྱས་ཏེ། རྒྱ་ཆེའི་ལས་བཟོར་རྒྱུན་རྣམ་ཅན་དང་སྤུས་ཚད་མཐོ་བའི་རིག་གནས་ཞབས་ཞུ་མཁོ་འདོན་བྱས་ནས་ཤེས་དཔལ་བཟང་པོ་དང་། དཔའ་ངར་ཆེར་སྐྱེད། ལས་བཟོ་ཡོངས་ཞུགས་པ་བཅས་ཀྱི་ལས་བཟོའི་རིག་གནས་སྐྱེད་སྲིང་བྱས་པ་རེད།

    “བསམ་བློ་སྐྱེལ་བའི”ཐད“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་ཉམས་འགྱུར”ཞེས་པའི་རྒྱལ་ཡོངས་ལས་བཟོའི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་དང་། པུའུ་ཨུད། སློབ་གྲྭ། ལས་སྟེགས་དང་ཁེ་ལས། གཙོ་གནད་རྣམ་གྲངས་བཅས་ལ་བསྐྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་སྒྲོག་འགྲེལ་བྱེད་རྒྱུ་རེད། “རིག་གནས་སྐྱེལ་བའི”ཐད“ལྔ་གཅིག”དམིགས་བསལ་ལེ་ཚན་དང་། ལས་བཟོའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས། གཞི་རིམ་དུ་འཚམས་འདྲིའི་འཁྲབ་སྟོན་སོགས་གཉེར་རྒྱུ་དང་། བཟོ་པའི་རིག་གནས་ཕོ་བྲང་དང“ལས་བཟོའི་ཁྱིམ་གཞིས”APPསོགས་དྲ་ཐོག་དང་དྲ་ཕྱིར་བརྟེན་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བཟོའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ཏེ་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་གཏོད་རྒྱུ་རེད། “བདེ་ཐང་སྐྱེལ་བའི”ཐད་ལས་བཟོའི་ཚན་རིག་དང་མཐུན་པའི་ལུས་སྦྱོང་འཆར་གཞི་ལག་ལེན་བསྟར་བ་དང་། ལས་བཟོའི་ལུས་སྦྱོང་ལུས་རྩལ་སྒྲིག་བཟོ་བྱེད་པ། ཆེད་ལས་སྟོབས་ཤུགས་མཐུན་སྦྱོར་བཅས་བྱས་ནས་བདེ་ཐང་གི་ཚན་རིག་ཁྱབ་གདལ་དང་སེམས་ཁམས་བློ་འདྲི་དང་ལས་བཟོའི་ལུས་གསོ་དང་དེ་བཞིན་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་སྐོར་སྐྱོད་གཟུགས་པོ་བརྟག་དཔྱད་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། “རྩལ་ནུས་སྐྱེལ་བའི”ཐད་རྩལ་ནུས་སློབ་ཚན་སྤུས་དག་བཟོས་པ་ལས་བཟོར་ཁ་ཕྱོགས་ནས་བཟོ་བོའི་སློབ་གླིང་དང་བཟོ་ཚོགས་ཀྱི་མཚན་མོའི་སློབ་གྲྭ་སོགས་ཀྱི་ནུས་པ་བཏོན་ཏེ་གསོ་སྦྱོང་བྱ་རྒྱུ་དང་འབྲེལ“ངལ་རྩོལ་དཔེ་བཟང་གི་བཟོ་བོས་ཁེ་ལས་ལ་རོགས་རམ་བྱེད་པའི་བྱ་སྤྱོད”ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ལག་རྩལ་རོགས་སྐྱོར་དང་རྩལ་ནུས་མཐོར་གཏོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། “ཞབས་ཞུ་སྐྱེལ་བའི”ཐད་ལས་རིགས་ཁྲོད་ཀྱི་འཚར་ལོངས་དང་། ལས་གནས་ཀྱི་གནོན་ཤུགས། ཁྱིམ་ཚང་དོ་སྙོམས་སོགས་ཐད་ཀྱི་ལས་བཟོའི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། རིག་གནས་སྤྲོ་གླེང་དང་རིག་གནས་སློབ་ཁང་སོགས་བརྒྱུད་མི་ཆོས་ལྡན་པའི་སེམས་ཁུར་དང་ལུས་སེམས་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་རེད། “འཛད་སྤྱོད་སྐྱེལ་བའི”ཐད་ལས་བཟོའི་དགོས་མཁོར་གཞིགས་ནས་ཕན་བདེའི་གཟིགས་སྐྱོང་སྲིད་ཇུས་ཆ་ཚང་པོ་ཞིག་བཟོས་ཏེ་གློག་བརྙན་ལྟ་བ་དང་། སྟོན་དཔྱིད་ཀྱི་སྤྲོ་གསེང་། མཐུན་འབྲེལ་གྲོགས་སྒྲིག་སོགས་ཀྱི་རྣམ་གྲངས་བཏོན་ནས་ལས་བཟོའི་རིག་གནས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།