རང་རྒྱལ་གྱིས་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་དུས་ཡུན་ལོ་གསུམ་གྱི་སྤྱིའི་དམག་འཐབ་རྒྱག་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། 2026ལོའི་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ(རྒྱ་ཆེ)དང་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་སྤྱིའི་དམག་འཐབ་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟླ་4ཚེས་22ཉིན་པེ་ཅིང་དུ་འཚོགས་ཤིང་། མཉམ་འབྲེལ་ཚོགས་འདུའི་ཐོག་2026ལོ་ནས་བཟུང་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་དུས་ཡུན་ལོ་གསུམ་གྱི་སྤྱིའི་དམག་འཐབ་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ལོ་གཉིས་ཀྱི་རྒྱལ་ཡོངས་ཀྱི་ཁྲིམས་འགལ་མ་དངུལ་བསྡུ་རུབ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་དེ་2024ལོ་ནས་སྤེལ་ཚུན་གྱོད་གཞི་ཚབས་ཆེན་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་ནུས་ལྡན་ཐུབ་པ་དང་། ས་གནས་རིམ་པ་གསུམ་གྱི་ཁྲིམས་འགལ་སྔོན་འགོག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ། ལས་རིགས་ཀྱི་མཉམ་འཛིན་སྤྱི་སྒྲུབ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ། དྲིལ་བསྒྲགས་སློབ་གསོ་སྔར་བས་རྒྱ་ཁྱབ་དང་ཟབ་ཏུ་ཕྱིན་ནས་ཁྲིམས་འགལ་སྔོན་འགོག་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། མཉམ་འབྲེལ་ཚོགས་འདུའི་ཐོག་ལོ་གཉིས་གོང་གི་ཆེད་དོན་བྱ་སྤྱོད་ཀྱི་རྨང་གཞིའི་ཐོག 2026ལོ་ནས་བཟུང་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་དོགས་ཟོན་དང་རྡུང་རྡེག་གཏོང་བའི་དུས་ཡུན་ལོ་གསུམ་གྱི་སྤྱིའི་དམག་འཐབ་བརྒྱབ་ནས། ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།