དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་ཕྱོགས་ཀྱི་རྒྱལ་བདེ་མཆོད་ཁང་དང་འབྲེལ་བའི་ཕན་མེད་བྱེད་སྟངས་ལ་སྐྱོན་བརྗོད་རྒྱ་ཁྱབ་ཏུ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-04-25

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་རི་པིན་གྱི་སྲིད་ཚོང་པ་བརྒྱ་ལྷག་ཙམ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་གི་ཉེས་ཅན་ལ་མཆོད་པ་འབུལ་གནས་ཏེ་རྒྱལ་བདེ་མཆོད་ཁང་ལ་མཉམ་དུ་གུས་མཇལ་ཞུས་ཤིང་། དབུ་བཞུགས་བློན་ཆེན་ཀའོ་ཧྲེ་ཙའོ་མེའོ་ཡིས་ཀྱང་དེ་ཉིན་རྒྱལ་བདེ་མཆོད་ཁང་ལ“གཡང་ཊིའི་ཕྲེང་རྒྱུ”(མཆོད་འབུལ་དོད)ཕུལ་ཡོད། རི་པིན་ཕྱོགས་ཀྱི་རྒྱལ་བདེ་མཆོད་ཁང་དང་འབྲེལ་བའི་ཕན་མེད་ཀྱི་བྱེད་སྟངས་ལ་སྐྱོན་བརྗོད་རྒྱ་ཁྱབ་ཏུ་བྱས་པ་རེད།

    ཚེས་22ཉིན་རི་པིན་གྱི་དེ་སྔའི་ཆེད་དོན་ཞིང་ཆེན་གྱི་དཔོན་རིགས་སུན་ཆི་ཞང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྒྱལ་བདེ་མཆོད་ཁང་དུ་འཛམ་གླིང་དམག་ཆེན་གཉིས་པའི་ཀ་པ་རིམ་པའི་དམག་འཁྲུག་གི་ཉེས་ཅན་ལ་མཆོད་འབུལ་བྱས་ཡོད། འོན་ཀྱང་རི་པིན་སྲིད་གཞུང་གི་འབྲེལ་ཡོད་མི་སྣ་དང་རྒྱལ་ཚོགས་ཀྱི་གྲོས་མི་མཆོད་འབུལ་ནང་ཞུགས་རྒྱུ་གཏན་ནས་མེད། བྱེད་སྤྱོད་དེ་རིགས་ལ་ཀྲུང་གོ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་དོ་ཁུར་ཆེན་པོ་བྱེད་རྒྱུ་རེད་ལ། རི་པིན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་བྱས་པ་དང་རྒྱབ་འགལ་སོང་བ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

    རི་པིན་གྱི“རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཚུན་ཧྲན་གླེང་མོལ་ཚོགས་འདུའི”ལས་འཛིན་དཔོན་ཐེང་ཐེན་ཀའོ་ཅིང་གིས་གསར་འགོད་པར། ཀའོ་ཧྲེ་ཙའོ་མེའོ་ཡིས་དབུ་བཞུགས་བློན་ཆེན་གྱི་གོ་གནས་མ་བཟུང་གོང་ནས་རྒྱལ་བདེ་མཆོད་ཁང་ལ་མཆོད་འབུལ་ཡུན་རིང་བྱས་པ་དང་། གོ་གནས་ཁུར་རྗེས་མཆོད་འབུལ་རྫས་དང་མཆོད་འབུལ་དོད་འབུལ་བའི་རྣམ་པའི་ཐོག་ནས་ལངས་ཕྱོགས་དེའི་རྒྱུན་མཐུད་ཡོད། བྱེད་སྟངས་དེ་རིགས་ནི་མི་རྣམས་ཀྱིས་དང་ལེན་བྱེད་དཀའ་བ་ཞིག་རེད། ངས་བྱས་ན་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་མ་འཛིན་པའི་བྱེད་སྤྱོད་དེ་ལས་རི་པིན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མིག་སྔར་ལེགས་སུ་འགྲོ་ཁག་པོ་ཡོད་པའི་ངོས་འཛིན་བྱས་ཤིང་། “རི་པིན་གྱི་རྒྱལ་དམངས་ཡིན་པའི་ངོས་ནས་ངེས་པར་དུ་ཆབ་སྲིད་མཁས་ཅན་གྱིས་ནོར་འཁྲུལ་གྱི་ཁ་ཕྱོགས་དེ་གང་མགྱོགས་ཡོ་བསྲང་བྱེད་པར་སྐུལ་འདེབས་གཏོང་དགོས”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།