ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོའི“གཞོན་ནུའི་གསར་བརྗེའི་ཕུཌ་འདུན་གཏོད”ཅེས་པའི་བྱེད་སྒོ་སྤེལ་བ།

ཟླ་4ཚེས་23ཉིན། ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོའི(2026)“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད”ཅེས་པའི་བྱེད་སྒོ་ཅང་སུའུ་ནན་ཅིང་དུ་དངོས་སུ་སྤེལ་བ་རེད། བྱེད་སྒོ་དེས“རྒྱལ་ཁབ་སྟོབས་ཆེན་གྱི་འཆར་གཞི་འདིང་། ལང་ཚོའི་ལེགས་སྐྱེས་ཧུར་ཐག་འབུལ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད། མི་རབས་ནས་མི་རབས་བར་འབད་བརྩོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་། རྒྱ་ཆེའི་གཞོན་ནུ་སློབ་མར་གསར་བརྗེའི་ས་བོན་རྒྱུན་འཛིན་ཁྲོད་དད་གུས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཁྲོད་གཞོན་ནུའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་བྱས་ཡོད།
འདི་ནི་སློབ་ཆེན་སློབ་མས་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོའི(2026)“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད”ཅེས་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་དམ་བཅའ་འཇོག་བཞིན་པ།
འབྲེལ་ཡོད་གསར་འགྱུར།