ལྷོ་ཁས་བོད་ནང་ཁུལ་ནས་མཛེས་ལྗོངས་ཁུལ་ཧྲིལ་པོར་གསོ་རླུང་མཁོ་འདོན་ཐུབ་པའི་ས་ཁུལ་དང་གྲོང་ཁྱེར་ཐོག་མ་དེ་བཏོད་པ།
གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་ཁོངས་གཏོགས་ཁུལ་གྱི་ས་ཆ་ཚང་མར་གསོ་རླུང་མཁོ་འདོན་བྱས་ནས། བོད་ནང་ཁུལ་ནས་མཛེས་ལྗོངས་ཁུལ་ཧྲིལ་པོར་གསོ་རླུང་མཁོ་འདོན་ཐུབ་པའི་ས་ཁུལ་དང་གྲོང་ཁྱེར་ཐོག་མ་དེ་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་རིང་པོར་ས་མཐོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་གསོ་རླུང་མི་འདང་བའི་གནད་དོན་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས“མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་ལ་ཁྱབ་པ”དང“གཏན་འཇགས་རྣམ་པ+སྒུལ་བདེའི་རྣམ་པ”ཟུང་དུ་འབྲེལ་བའི་གསོ་རླུང་མཁོ་འདོན་བྱེད་སྟངས་གསར་དུ་བཏོན་པ་མ་ཟད། གསོ་རླུང་མཁོ་འདོན་ས་ཚིགས་22དང་། གསོ་རླུང་སྒྲིག་ཆས་35 འཁྱེར་བདེ་བའི་གསོ་རླུང་སྒྲིག་ཆས་ལེན་སྤྱོད་ས་ཚིགས་5 སྒྲིག་ཆས་70བཅས་བཀོད་སྒྲིག་བྱས་ཏེ། སེམས་ནུས་ཡོད་རྒུས་ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱས་པ་དང་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབས་ནས་ལྷོ་ཁའི་ཡུལ་སྐོར་ལ་སྒུལ་ནུས་གསར་པ་སྦྱིན་ཡོད།
རྩེ་རིམ་ཇུས་འགོད་དང་བཀོད་པ་ལེགས་གཏོང་ཟུང་འབྲེལ་བྱས་ཏེ་གསོ་རླུང་མཁོ་འདོན“མ་ལག་ཅན”ལ་སྐུལ་འདེད་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་གཞུང་གི་སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྡོད་ཁང་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་མཉམ་དུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ་དང་། གསོ་རླུང་མཁོ་འདོན་ས་ཚིགས་ཀྱི་བཀོད་པ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས། ཡུལ་སྐོར་གྱི་ལམ་ཐིག་ཚང་མར་གསོ་རླུང་མཁོ་འདོན་བྱེད་པའི་མ་ལག་གཏོད་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ས་ཆ་གནད་ལ་འཁེལ་པོས་བདམས་ནས་གསོ་རླུང་གི་མཁོ་འདོན་ཞབས་ཞུ་ལྟེ་བའི་ས་ཁོངས་སུ་ཁྱབ་རྒྱུར་འགན་ལེན་བྱས་ཏེ་རྗེས་མཐུད་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
མཛེས་ལྗོངས་ཁུལ་དང་ལམ་རྒྱུད་ཟུང་འབྲེལ་གྱིས་གསོ་རླུང་མཁོ་འདོན་ལ་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་བ་ཕྱིར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་དམིགས་ནས། ལྷོ་ཁ་གྲོང་ཁྱེར་གྱིས་མཛེས་ལྗོངས་ཁུལ་དང་། ཞག་སྡོད་བྱ་ཡུལ། ཡུལ་སྐོར་འགྲིམ་འགྲུལ་ལམ་རྒྱུད། སྣུམ་སྣོན་ས་ཚིགས་བཅས་སུ་གསོ་རླུང་མཁོ་འདོན་ཕྱོགས་ཡོངས་ནས་བྱས་ཐོག རྒྱལ་ལམ་219ལམ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་ཏུ་གཙོ་བོར ་ཁྱབ་པ་བྱས་ནས“གནས་རྒྱུད་ཟུང་འབྲེལ་དང་། ཁོངས་ཡོངས་ཀུན་ཁྱབ”ཀྱི་གསོ་རླུང་མཁོ་འདོན་གྱི་དྲ་རྒྱ་ཞིག་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།