ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས།
བོད་རིགས་ཀྱི་རྒྱན་གོས་སྤུས་རྟགས་ཀྲུང་གོ་རྒྱལ་སྤྱིའི་དར་སོའི་ཆས་གོས་གཟའ་འཁོར་ནན་ཅིང་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོར་བཤམས་སྟོན་བྱས་པ།
ཉེ་ཆར། 2026ལོའི་ཀྲུང་གོ་རྒྱལ་སྤྱིའི་དར་སོའི་ཆས་གོས་གཟའ་འཁོར་ནན་ཅིང་ས་ཚིགས་ཀྱི་འགོ་ཚུགས་མཛད་སྒོ་ནན་ཅིང་ཅང་པེ་ཁུལ་གསར་དུ་གཉེར་ཞིང་། ནན་ཅིང་གྲོང་ཁྱེར་གྱིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་བཏོད་པའི“སྲོང་བཙན་འཁྲུངས་ཡུལ། གནམ་མཐའི་མལ་གྲོའི”བོད་རིགས་ཀྱི་རྒྱན་གོས་སྤུས་རྟགས་མཛད་སྒོར་ཞུགས་ནས། ནན་ཅིང་གིས་བོད་སྐྱོར་བྱས་པའི་ལོ་30རིང་གི་རིག་གནས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
བྱེད་སྒོར་མལ་གྲོ་གུང་དཀར་རྫོང་གིས་སྲོལ་རྒྱུན་དང་གསར་གཏོད་ཟུང་འབྲེལ་གྱི་བོད་རིགས་ཀྱི་རྒྱན་གོས་བརྩམས་ཆོས་40ཁྱེར་ཡོད་པ་དང་དེ་དག་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲ་རིས་དང་། ས་མཐོའི་ཚོན་མདོག དེང་རབས་འཆར་འགོད་བཅས་དང་མཉམ་འདྲེས་བྱས་ཡོད་པས། མི་རིགས་དར་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་ཡོད། བྱེད་སྒོ་སྤེལ་ཡུལ་དུ། མལ་གྲོ་གུང་དཀར་སྲོང་བཙན་སྒྱུ་རྩལ་ཚོགས་པས་རང་ཡུལ་གྱི་གླུང་གཞས་བཏང་སྟེ། འདྲེན་བྱེད་ལམ་དང་སྒྲ་འཛིན་དབང་པོ་གཉིས་ཀ་བརྒྱུད་བོད་ལྗོངས་རིག་གནས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
དེ་དང་དུས་མཚུངས། མལ་གྲོ་གུང་དཀར་རྫོང་གིས་དར་སོའི་ཆས་གོས་གཟའ་འཁོར་གྱི་ལས་སྟེགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ངོ་སྤྲོད་བྱས་ཤིང་། “མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་ས་ཁོངས་ཀྱི་རིག་གནས་སྤུས་རྟགས་ཚང་མས་ཤེས་པར་བྱས་ཏེ། རིག་གནས་ཁྱབ་སྤེལ་གྱི་ལམ་བུ་རྒྱ་ཆེར་བཏང་ཐོག ས་གནས་དེ་གའི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།