དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་པ།
འདི་ལོ་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དཔྱིད་རྨོད་དཔྱིད་འདེབས་ལ་དམ་པོར་དམིགས་ནས། འཚམ་མཐུན་གྱི་ཐོན་རྫས་གསར་གཏོད་བྱས་ཏེ་དངུལ་རྩས་ཡར་ཀླུང་གི་ས་གཞི་ཆེན་པོར་ཕན་ཐོགས་པ་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོར་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.53ཟིན་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་ལ་མ་དངུལ་གྱི་འགན་ལེན་བརྟན་པོ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་གཙོ་གནད་ཁེ་ལས་ལ་དམིགས་པ་དང་། “ཧང་ཀྲང་གིས་བཟོ་གྲྭའི་འགོ་འཛིན་ལ་བཅར་འདྲི་བྱེད་པའི”དངུལ་རྩའི་བློ་འདྲིའི་ལམ་སྲོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་ཏེ།“ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད་ཞབས་ཞུ་སྤེལ་ཡོད། ད་ལོའི་དུས་ཚིགས་དང་པོར་དངུལ་རྩའི་བློ་འདྲི་བས་ཞིང་འབྲེལ་གཙོ་གནད་ཁེ་ལས་ཁག་12ལ་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་ཞབས་ཞུ་སྤེལ་ནས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱིས་རྫོང་ཆུས་གྲོང་ཁྱེར་12ལ་ཡོངས་སུ་འབྲེལ་མཐུད་ཐུབ་པར་བྱས་ཡོད། “སྒོ་རའི་དཔལ་འབྱོར་གྱི་དངུལ་བུན”དང“མཐའ་བརྟན་དངུལ་བུན”སོགས་མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་རྫས་4རྒྱུན་མཐུད་ངང་ཁྱབ་གདལ་བཏང་ནས“ཞིང་ཕན་དངུལ་བུན་e”དང་བོད་སྐད་ཀྱི་སྟབས་བདེའི་དངུལ་བུན་གཏོང་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ“དབྱར་རྩྭ་དགུན་འབུའི་དངུལ་བུན”སོགས་ཐོན་རྫས་ཁག་7དོན་འཁྱོལ་བྱས་ཡོད་པ་རེད།
དུས་མཚུངས་སུ། རྣམ་པ་གསར་རྐྱང་འཚོལ་ཞིབ་དང་དྲིལ་བསྒྲགས་བྱས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་49གདན་ཞུས་བྱས་ཏེ“དངུལ་རྩའི་གྲོང་ཚོའི་ཀྲུའུ་རེན”གྱི་འགན་འཁུར་དུ་བཅུག་པ་དང་། དངུལ་རྩའི་སྲིད་ཇུས་དྲིལ་བསྒྲགས་གནད་སྨིན་དང་ཞིང་དུད་ཀྱི་དཔྱིད་རྨོད་དཔྱིད་གྲབས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ། “ཡན་ལག་དངུལ་ཁང་དང་། ཉིང་ལག་དངུལ་ཁང་། ལས་གཉེར་ཁང་། དངུལ་རྩའི་གྲོང་ཚོའི་ཀྲུའུ་རེན་བཅས་ཟུང་དུ་འབྲེལ་བའི”དྲིལ་བསྒྲགས་ཞབས་ཞུའི་མ་ལག་བཙུགས་ཡོད།
འབྲེལ་ཡོད་གསར་འགྱུར།