འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་བ་རྒྱུན་མཐུད་མང་དུ་ཕྱིན་པ།
དུས་ཚིགས་དང་པོར་རྒྱལ་མཚམས་འཛུལ་སྒྲོལ་འགྲུལ་པ་དུས་མཚུངས་ལས་86%ཙམ་འཕར་བ།
ཉེ་ཆར། སྒེར་འཁོར་9ལས་གྲུབ་པའི་ཕྱི་རྒྱལ་གྱི་རྒྱལ་སྒྲོལ་ཡུལ་སྐོར་ཚོགས་པ་ཞིག་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་གཉའ་ལམ་འགག་སྒོར་ལས་དོན་པའི་ལྟ་འདོམས་བརྒྱུད་འགག་སྒོ་བསྒྲལ་ནས་བོད་དུ་ཡུལ་སྐོར་བྱེད་འགོ་ཚུགས།
རྒྱལ་མཚམས་བསྒྲལ་ནས་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བའི་བདེ་འཇགས་དང་། ནུས་ཆེ། འགག་སྒྲོལ་བདེ་བླག་བཅས་ལ་འགན་ལེན་བྱ་ཆེད། གཉའ་ལམ་འགག་སྒོ་ལས་ཁུངས་ཀྱིས་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ“གཅིག་གཏད་གཅིག”གིས་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བར་མཛུབ་ཁྲིད་བྱེད་པ་དང་། ཁག་ཐེག་གི་འགྲོ་ལུགས་དང་། རླངས་འཁོར་འཇོག་པའི་དུས་ཡུན། བསྐྱར་ལོག་ཕྱིར་གཏོང་སོགས་ཀྱི་དོ་དམ་གཏན་འབེབས་ལ་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་མ་ཟད། འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ཚན་པ་དང་མཉམ་དུ“མི་སྣ་དང་རླངས་འཁོར་ཟུང་དུ་འབྲེལ་བའི”གཞི་གཅིག་ཅན་གྱི་འགག་སྒྲོལ་བརྒྱུད་རིམ་རྒྱུན་མཐུད་ལེགས་སུ་བཏང་བ་དང་། རླངས་འཁོར་འགག་སྒོར་འབྱོར་རྗེས“སྙན་སེང་ཞུས་མ་ཐག་ཞིབ་བཤེར་བྱེད་པ་དང་། འབྱོར་མ་ཐག་ཞིབ་བཤེར་བྱེད་པ”མངོན་འགྱུར་བྱུང་ནས་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བའི་འགག་སྒོ་སྒྲོལ་བའི་ཉམས་ལེན་ཡག་ཏུ་ཏན་ཏིག་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་འགྲམ་འགག་སྒོའི་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་བ་དུས་མཚུངས་ལས་86%ཙམ་འཕར་བ་དེ་ཐོག་ནས་འགག་སྒོ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་གྱི་ལྟེ་བའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བའི་འཕེལ་ཕྱོགས་བཟང་པོ་གང་ལེགས་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།