དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཞིང་སྤྱོད་རྒྱུ་ཆ་རྫུས་མར་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-24

    ཉེ་ཆར། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་རྫས་ལུད་སྤུས་ཚད་ཀྱི་ཁྲིམས་འགལ་གྱོད་གཞི་ཁག་3845ཞིབ་གཅོད་བྱས་པ་དང་། དངུལ་ཆད་སྒོར་ཁྲི་5149བཏང་བ། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི་ཁག་30རྩིས་སྤྲད་ཡོད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། ཞིང་སྤྱོད་རྒྱུ་ཆ་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། རྫས་ལུད་སོགས་ཞིང་སྤྱོད་རྒྱུ་ཆའི་ཐོན་རྫས་ཀྱི་སྤུས་ཚད་གནད་དོན་ཡང་ཡང་ཐོན་པ་མ་ཟད་གཉེར་སྐྱོང་བྱེད་པོ་ཁག་གཅིག་གིས“ལུད་གསར་པ”ཡིན་པར་ཁ་གཡར་ནས་དྲིལ་བསྒྲགས་རྫུས་མ་བྱས་ཏེ་ཕན་ནུས་ཆེན་པོ་ཐོན་ཚུལ་འུད་སྒྲོག་བྱེད་པ་དང་། སྒྲིག་འགལ་ངང་ཐོན་སྐྱེད་བྱས་ཏེ་དྲ་ཐོག་ནས་སྤུས་ཞན་གྱི་རྫས་ལུད་རྫུས་མ་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད།

    གོང་གསལ་གྱི་གནད་དོན་ལ་དམིགས་ཏེ། རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྟ་འདོམས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ། རྫས་ལུད་ཀྱི་མིང་བཏགས་པ་སོགས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་ཞིབ་འཇུག་བྱས་ནས་བཟོ་བར་སྐུལ་འདེད་མགྱོགས་པོ་གཏོང་བ། ཁྲིམས་སྲོལ་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་བ། གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ《རྫས་ལུད་ཐོ་འགོད་ཀྱི་དོ་དམ་བྱ་ཐབས》གང་མགྱོགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོ་འགོད་སྙན་སེང་ལམ་ལུགས་ཀྱི་ཞན་ཆ་སེལ་རྒྱུ་དང་། ལག་རྩལ་གྱི་ནུས་པ་ཆེ་རུ་བཏང་ནས་འབྲེལ་ཡོད་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་ཐོབ་ཐང་ངོས་འཛིན་བྱེད་པའི་ལས་དོན་ལེཌ་པར་བསྒྲུབས་ཏེ་ལྟ་སྐུལ་དོ་དམ་ཐད་ལག་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད།

    དུས་མཚུངས་སུ། ལྟ་འདོམས་ཁྲིམས་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། མིག་སྔར་སྤྱི་ཁྱབ་ཅུས་ཀྱིས་ཧོ་ནན་དང་། ཀོང་ཤིས། ཀོང་ཏུང་སོགས་ས་ཁུལ་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་ཐོག་རྫས་ལུད་རྫུས་མའི་གྱོད་དོན་ཆེ་བ་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།