འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གི་དུས་ཚིགས་དང་པོའི་ཕྱིར་གཏོང་ནང་འདྲེན་རིན་ཐང་གིས་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་ནན་ཅིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་ཁྲི་5.51ཟིན་ནས་གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ཀྱི་མཐོ་ཤོས་སུ་སླེབས་པ་དང་དུས་མཚུངས་ལས་15.4%འཕར་ནས་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི་46.5%བཟུང་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་3.42དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.09ཟིན་ཡོད།
ཁྲོམ་རའི་ཐད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། དུས་ཚིགས་དང་པོར། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་2.8བྱས་པ་དེ་དུས་མཚུངས་ལས་16.4%འཕར་ནས་རྒྱལ་ཡོངས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་46.2%བཟུང་ཡོད། ཐོན་རྫས་ཐད།“གསར་པ་འདུས་ཚད”རྒྱུན་མཐུད་ངང་འཕར་ཞིང་། དུས་ཚིགས་དང་པོར། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གི་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.71ཟིན་པ་དེ་དུས་མཚུངས་ལས་27.7%འཕར་བ་དེས་རྒྱལ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱི་48.7%བཟུང་ཡོད།
འབྲེལ་ཡོད་གསར་འགྱུར།