དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་གསུམ་པའི་བར་ཞིང་ཆེན་31ཚང་མའི་བཟོ་ལས་དཔལ་འབྱོར་འཕར་བ།

    བཟོ་ལས་དཔལ་འབྱོར་གསར་ལ་ལེགས་ཕྱོགས་སུ་འཕེལ་བ་དང་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་ཀྲེང་། ལིའུ་དབུན་ཤིན།   |     སྤེལ་དུས།  2026-04-24

    “ཟླ་བ་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་6.1%འཕར་ཞིང་། ཞིང་ཆེན་31ཚང་མའི་བཟོ་ལས་དཔལ་འབྱོར་འཕར་བ་དང་། ལས་རིགས་ཀྱི་འཕར་ཚད་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་ནས་བཟོ་ལས་ཀྱིས་དཔལ་འབྱོར་འཕར་བར་ལེཌ་སྐྱེས་འབུལ་ཚད་བཅུ་ཆ་བཞི་ཙམ་ཟིན་ཡོད”ཅེས་ཟླ་4ཚེས་21ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཀྲང་ཡུན་མིང་གིས་དུས་ཚིགས་དང་པོའི་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ལས་རིགས་34ཡི་འཕར་ཐང་དུས་མཚུངས་ལས་འཕར་བ།

    “ད་ལོ་ཚུན། བཟོ་ལས་དཔལ་འབྱོར་སྤྱིའི་ཆ་ནས་གསར་ལ་ལེགས་ཕྱོགས་སུ་འཕེལ་བ་དང་བརྟན་ཐོག་ཡར་འཕེལ་བྱུང་བའི་རྣམ་པ་མངོན་ནས། སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བའི‘གྲུ་རྡོ’ལྟ་བུའི་ནུས་པ་ཏན་ཏིག་བཏོན་ཡོད”ཅེས་ཀྲང་ཡུན་མིང་གིས་བརྗོད་པ་དང་། ཁོང་གིས། ལས་རིགས་ནས་བལྟས་ན། བཟོ་ལས་རིགས་ཆེ་གྲས་ཁག་41གི་ནང་ནས་ཁག་34ཡི་འཕར་ཐང་དུས་མཚུངས་ལས་འཕར་བ་དང་། ས་ཁུལ་ནས་བལྟས་ན། བཟོ་ལས་ཞིང་ཆེན་ཆེ་གྲས་10ཡི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་འཕར་ཚད་7.2%ཙམ་ཟིན་ཡོད་ཅེས་བརྗོད་པ་རེད།

    ཐོན་ལས་ཚན་རྩལ་གསར་གཏོད་གཏིང་ཟབ་ཏན་ཏིག་བྱུང་ནས་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་ཡོད། མིག་སྔའི་བར། ཁག་དང་པོའི་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་འབྲིང་རིམ་ཚོད་ལྟའི་ལས་སྟེགས་21དང་ཕུལ་བྱུང་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་སྤེལ་བྱ་ཡུལ་14བདམས་ཏེ“ཚོད་ལྟ་ཁང”ནས“ཐོན་སྐྱེད་ལས་རིམ”བར་གྱི་ཐོགས་མེད་འབྲེལ་ཟམ་བསྐྲུན་ཡོད། ཟླ་བ་དང་པོ་ནས་གསུམ་པའི་བར། སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་རྒྱ་སྐྱེད། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བཅས་ལ་ཕྱོགས་ནས་ལས་རིགས་ཀྱི་ཚད་གཞི་ཁག་304ཁྱབ་བསྒྲགས་བྱས་པས། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.5%འཕར་ཡོད། གློག་རྡུལ་དང་འཛད་རྫས་ལས་རིགས་སུ་མི་ཐབས་རིག་ནུས(AI)སོགས་ཀྱི་ལག་རྩལ་གསར་པ་བེད་སྤྱོད་མགྱོགས་མྱུར་ཐུབ་པ་དང་། མི་མེད་གནམ་གྲུ་དང་AIམིག་ཤེལ་སོགས་ཀྱི་མཐའ་སྣེའི་ཐོན་རྫས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། བཟོ་ལས་འཕྲུལ་མི་དང་འདུས་གྲུབ་གློག་ལམ་སོགས་ཐོན་རྫས་ཀྱི་ཐོན་འབབ་དུས་མཚུངས་ལས་33.2%དང་24.3%སོ་སོར་འཕར་ཡོད་པ་རེད།

    སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་ཐོན་ལས་ཀྱི་གསོན་ཤུགས་སྔར་བས་འཕེལ་ཡོད། ཁག་དང་པོའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་དཔེ་སྟོན་ཁུལ་གསར་པ་འཛུགས་གཏོད་ཀྱི་གྲོང་ཁྱེར་16གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་179ཟིན་ཡོད་པ་རེད།

    གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.5%འཕར་བ།

    “གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.9%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་བར་ལེགས་སྐྱེས་འབུལ་ཚད་50%ཙམ་ཟིན་ཡོད། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.5%འཕར་བ་དང་འཕར་ཚད་ན་ནིང་ལས་བརྒྱ་ཆའི་གྲངས་3.1མགྱོགས་སུ་ཕྱིན་ཡོད”ཅེས་ཀྲང་ཡུན་མིང་གིས་བརྗོད་པ་དང་། ཁོང་གིས། ཟླ་བ་དང་པོ་ནས་གསུམ་པའི་བར་འདུས་གྲུབ་གློག་ལམ་བཟོ་སྐྲུན་དང་སྐྱེ་དངོས་སྨན་རྫས་བཟོ་སྐྲུན་སོགས་ཀྱི་གསར་དར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ཏེ། ལག་རྩལ་འདུས་ཚད་ཅུང་མཐོ་བ་དང་ཟུར་སྣོན་རིན་ཐང་ཅུང་ཆེ་བའི་འཕྲུལ་མིའི་འགོར་གཏོང་ཡོ་ཆས་དང་གསོག་འཇོག་ཉིང་ལྷེབ་སོགས་ཐོན་རྫས་ཀྱི་ཐོན་ཚད་40%ལྷག་ཙམ་མགྱོགས་མྱུར་འཕར་ཡོད་ཅེས་བརྗོད་པ་རེད།

    5Gདང་ཀྲའོ་སྟོང་གི་འོད་དྲ་དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་ཁག་97ནང་གི་ཁག་91དང་མཉམ་འདྲེས་ཐུབ་པ།

    གྲངས་རིག་ཅན་གྱི་ཕྱོགས་སྒྱུར་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། དྲ་རྒྱའི་ནུས་པ་དེ་བས་ཆེ་རུ་ཕྱིན་ཞིང་། ཟླ་3པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་5Gསྦྲེལ་ཚུགས་ཁྲི་495.8ཟིན་པ་དང་5G—A(5Gརིམ་འགྱུར་དྲ་རྒྱ)མིག་སྔར་གྲོང་ཁྱེར་330ལ་ཁྱབ་ཡོད། དྲ་རྒྱ་ཁྱབ་ཁྱོན་དེ་བས་ཆེ་རུ་ཕྱིན་ཞིང་། མིག་སྔའི་བར“རྫོང་ཚང་མར་ཀྲའོ་སྟོང་ཤར་གཏོང་ཐུབ་པ་དང་། ཤང་ཚང་མར་5Gཤར་གཏོང་ཐུབ་པ”དང་། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་100%དང་5Gཤར་གཏོང་ཐུབ་ཚད་95%ཟིན་པ། གཙོ་གནད་ཁུལ་ཁྲི་26.9ལ་དྲ་རྒྱ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ། གཞུང་ལམ་དང་ལྕགས་ལམ་སྤྱི་ལེ་ཁྲི་65.4དང་ས་འོག་ལྕགས་ལམ་གྱི་ལམ་ཐིག་316ལ་དྲ་རྒྱ་ཁྱབ་ཡོད། དྲ་རྒྱ་བེད་སྤྱོད་དེ་བས་ལེགས་སུ་ཕྱིན་ཞིང་། མིག་སྔའི་བར། 5Gདང་ཀྲའོ་སྟོང་གི་འོད་དྲ་དེ་ཉིད་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་གྲས་ཁག་97ནང་གི་ཁག་91དང་མཉམ་འདྲེས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།