དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྔ་གཅིག”གུང་གསེང་གི་སྔ་རྟིང་ལ་མཚན་མོའི་མྱུར་བགྲོད་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-24

    གསར་འགོད་པར་ཀྲུང་གོ་ལྕགས་ལམ་12306ལག་རྩལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར།“ལྔ་གཅིག”གུང་གསེང་རིང་གི་མེ་འཁོར་སྤ་སེ་བཙོངས་འགོ་ཚུགས་ཚུན་སྤ་སེ་ཉོ་མཁན་ཧ་ཅང་མང་པོ་ཡོད། འགྲུལ་པའི་སྤ་སེའི་དགོས་མཁོ་སྐོང་གང་ཐུབ་བྱ་ཆེད། ལྕགས་ལམ་སྡེ་ཚན་གྱིས་གུང་གསེང་གི་སྔ་རྟིང་ལ་འགྲུལ་བཞུད་བྱེད་མཁན་མང་ཤོས་ཀྱི་དུས་མཚམས་དང་འགྲུལ་པ་འགྲོ་འོང་བྱེད་མཁན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པར་དམིགས་ནས་མྱུར་བགྲོད་ལྕགས་ལམ་གྱི་མཚན་མོའི“སྐར་ཁུང”གི་དུས་ཚོད་ལེགས་སྒྲིག་བྱས་ཏེ་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག ཟླ་4ཚེས་29ཉིན་གྱི་མཚན་མོ་ནས་ཟླ་5ཚེས་2ཉིན་གྱི་ཐོ་རེངས་བར་དང་ཟླ་5ཚེས་4ཉིན་གྱི་མཚན་མོ་ནས་ཚེས་6ཉིན་གྱི་ཐོ་རེངས་བར་པེ་ཅིང་ནས་ཧྲང་ཧའེ་བར་དང་། པེ་ཅིང་ནས་ཀོང་ཀྲོའུ་བར། པེ་ཅིང་ནས་ཧར་པིན་བར་སོགས་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་དུ་མཚན་མོའི་མྱུར་བགྲོད་མེ་འཁོར་བཀོད་སྒྲིག་བྱས་ཏེ་ཉིན་རེར་ཆ་སྙོམས་མེ་འཁོར་ཐེངས་700ཙམ་མང་དུ་གཏོང་རྒྱུ་རེད།

    མང་དུ་བཏང་བའི་མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་ཁ་ཕྱོགས་ལྟར་རིམ་པ་བཞིན་སྤ་སེ་འཚོང་རྒྱུ་དང་། མེ་འཁོར་ཁག་གཅིག་གི་སྤ་སེ་མེ་འཁོར་མ་བཏང་གོང་གི་ཉིན་7ནས་སྤ་སེ་འཚོང་རྒྱུ་དང་མེ་འཁོར་གཞན་དག་གི་སྤ་སེ་མེ་འཁོར་མ་བཏང་གོང་གི་ཉིན་5ནས་འཚོང་རྒྱུ་རེད། གང་ལགས་ཤེ་ན། སྤ་སེ་སྔ་ས་ནས་བཙོངས་ཟིན་ཡང་གནམ་གཤིས་ཞན་པ་སོགས་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ་མེ་འཁོར་གཏོང་མཚམས་འཇོག་དགོས་པའི་གནས་ཚུལ་ཐོན་གྱི་ཡོད་པས་རེད། མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་སྤ་སེ་འཚོང་བའི་དུས་ཚོད་ཞིབ་ཕྲ་12306དྲ་ཚིགས་ཀྱི་སྤ་སེ་ཉོ་བའི་དྲ་ངོས་ནས་མཐོང་རྒྱུ་ཡོད། ལྕཌ་ལམ་སྡེ་ཚན་གྱིས། འགྲུལ་པར་མེ་འཁོར་གཏོང་ཐེངས་ཇེ་མང་དུ་བཏང་བའི་ཆ་འཕྲིན་སྔ་སྣུར་དུ་ཁོང་དུ་ཆུད་པ་དང་འབྲེལ་མེ་འཁོར་མ་བཏང་གོང་གི་ཉིན་7ནས་5བར་དྲ་ཐོག་ནས་སྤ་སེ་ཉོ་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།