དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་སྣ་ཚོགས་ཁྲི་53.96ཞིབ་གཅོད་བྱེད་མཇུག་བསྒྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-24

    ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཟླ་4ཚེས་20ཉིན་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་གནས་ཚུལ(2025ལོ)》ལས་མངོན་པར། ན་ནིང་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་གྱོད་གཞི་སྣ་ཚོགས་ཁྲི་55.26གསར་དུ་བདག་སྤྲོད་བྱས་པ་དང་གྱོད་གཞི་ཁྲི་53.96འདྲི་གཅོད་བྱེད་མཇུག་བསྒྲིལ་བ་རེད། འདྲི་གཅོད་དུས་བཀག་ནང་གྱོད་ཐག་ཆོད་ཚད་དང་། གོང་གཏུག་བྱེད་ཚད། དམངས་དོན་འདུམ་འགྲིག་བྱས་ནས་ཞུ་གཏུག་ཕྱིར་འཐེན་བྱེད་ཚད་སོགས་སྤུས་འབྲས་གཙོ་བོའི་དམིགས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་འདྲི་གཅོད་འཁོར་སྐྱོད་ཀྱི་རྣམ་པ་བརྟན་པོ་བྱུང་བ་རེད། དེའི་ནང་ལག་རྩལ་རིགས་ཀྱི་ཤེས་བྱའི་བདག་དབང་གི་དམངས་དོན་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་6.4འདྲི་གཅོད་བྱེད་མཇུག་བསྒྲིལ་བ་དང་། མི་དམངས་ཁྲིམས་ཁང་གིས་འདུས་གྲུབ་གློག་ལམ་དང་། བཟོ་ལས་འཕྲུལ་འཁོར་ཨ་མ། རྩེར་སོན་ཡོ་བྱད། རྨང་གཞིའི་རྒྱུ་ཆ། སྔོན་ཐོན་རྒྱུ་ཆ། སྐྱེ་དངོས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་ལ་ཤུགས་སྣོན་བརྒྱབ་པར་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

    མི་དམངས་ཁྲིམས་ཁང་གིས་གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གི་འདྲི་གཅོད་ལས་ཀར་ཤུགས་སྣོན་བརྒྱབ་ཅིང་། AI(མི་ཐབས་རིག་ནུས)ཀྱི་བཟོས་པའི་ནང་དོན་དང་AIའདྲ་དཔེའི་དཔྱད་གྲངས་སོགས་གནད་དོན་གསར་ཤོས་དང་འབྲེལ་བའི་དམངས་དོན་གྱོད་གཞི་འདྲི་ཞིབ་འོས་འཚམ་བྱས་ཡོད། གཞི་གྲངས་བདག་ཁོངས་དང་ཉོ་ཚོང་སོགས་དང་འབྲེལ་བ་ཡོད་པའི་རྩོད་གཞིའི་གྱོད་གཞི་908འདྲི་གཅོད་བྱེད་མཇུག་བསྒྲིལ་བ་དེ་དུས་མཚུངས་ལས་25.6%འཕར་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་མི་ཐབས་རིག་ནུས་དང་འབྲེལ་བ་ཡོད་པའི་རྩོད་གཞིའི་གྱོད་གཞི་འདྲི་ཞིབ་འོས་འཚམ་བྱ་རྒྱུའི་སྐོར་གྱི་བསམ་འཆར་ལ་དུས་ཚོད་དམ་འཛིན་གྱིས་འཆར་ཟིན་བཀོད་དེ། མི་ཐབས་རིག་ནུས་དེ་ཕན་ཡོད་དང་། བདེ་འཇགས། དྲང་གཞག་བཅས་ཀྱི་ཕྱོགས་སུ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།