དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོར་མ་འཇོག་བྱེད་པ་ནི་གཏན་འཁེལ་རང་བཞིན་གྱི་ཡུན་རིང་མ་འཇོག་བྱས་པ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཡན།   |     སྤེལ་དུས།  2026-04-24

    ད་ལོའི་ཟླ་བ་དང་པོ་དང་གཉིས་པའི་རིང་། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་8631གསར་དུ་བཙུགས་པ་དེ་དུས་མཚུངས་ལས་14%འཕར་ཞིང་། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོར་རྒྱུན་མཐུད་ངང་མ་འཇོག་མང་དུ་བཏང་བ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་བཀོད་པ་ཟབ་ཏུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆ་དང་ཁྲོམ་རའི་གོ་སྐབས་ལ་རྒྱུན་ཆད་མེད་པར་ཡིད་རྟོན་བྱེད་ཚད་ཆེ་རུ་བཏང་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣ་དང་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་མིས་ངོས་འཛིན་བྱས་པ་ལྟར་ན། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་དབྱེ་འབྱེད་རྒྱ་རྒྱུན་མཐུད་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་དང་གསར་གཏོད་སྐུལ་སྤེལ་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་ཀྲུང་གོར་ཕྱི་རྒྱལ་མ་འཇོག་ཁེ་ལས་འཕེལ་རྒྱས་འགྲོ་ཆེད་བར་མཐོངས་སྔར་བས་རྒྱ་ཆེ་བ་བཏོད་ཅིང་། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྦྱིན་ཡོད་པ་རེད།

    “ཀྲུང་གོའི་ཁྲོམ་ར་ནི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་གཏོད་པའི་ལྟེ་བའི་ཚོད་ལྟ་བྱ་ཡུལ་དང་རིན་ཐང་གཏོད་པའི་མཐོ་ས་ཞིག་ཏུ་གྱུར་ཡོད”

    ཀྲུང་གོར་ཡོད་པའི་ཨ་རིའི་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2026ལོའི་ཀྲུང་གོའི་ཚོང་དོན་ཁོར་ཡུག་བརྟག་དཔྱད་ཀྱི་སྙན་ཞུ》ལས་མངོན་པར་གཞིགས་ན། བཅར་འདྲི་དང་ལེན་བྱེད་མཁན་ཨ་རིའི་མ་འཇོག་ཁེ་ལས་བཅུ་ཆ་དྲུག་ཙམ་གྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་གོར་གནས་པའི་ཨ་རིའི་མ་འཇོག་ཁེ་ལས་ཕྱེད་ཀ་ལྷག་ཙམ་གྱིས་སྔོན་དཔག་ལྟར་ན་2025ལོར་ཁེ་སྤོགས་རག་པའམ་ཡང་ན་ཁེ་སྤོགས་ཆེན་པོ་རག་རྒྱུ་ཡིན་པ། བཅར་འདྲི་དང་ལེན་བྱེད་མཁན་ཁེ་ལས་བཅུ་ཆ་བདུན་ལྷག་ཙམ་གྱིས་ཐོན་སྐྱེད་དམ་ཡང་ན་ཉོ་སྒྲུབ་ཀྱི་ལྷུ་ཚིགས་ཉིད་ཀྲུང་གོའི་རྒྱལ་ཁོངས་ཕྱི་རོལ་ཏུ་སྤོ་རྒྱུའི་ཐད་གནས་སྐབས་བསམ་བློ་གཏོང་གི་མེད། ཀྲུང་གོ་དང་འཇར་མན་ཚོང་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་མངོན་པ་ལྟར་ན། བཅར་འདྲི་དང་ལེན་བྱེད་མཁན་འཇར་མན་གྱི་ཁེ་ལས་བཅུ་ཆ་དགུ་ལྷག་ཙམ་ཀྲུང་གོའི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་འདོད་མེད་པ་དང་ཁེ་ལས་ཕྱེད་ཀ་ཡན་གྱིས་ཀྲུང་གོར་མ་འཇོག་མང་དུ་གཏོང་རྩིས་ཡོད་པ་རེད།

    ཟླ་2ཚེས་1ཉིན་ནས་བཟུང་། 《ཕྱི་རྒྱལ་ཚོང་པས་མ་འཇོག་བྱེད་པར་སྐུལ་ལྕག་གཏོང་བའི་ཐོན་ལས་དཀར་ཆག(2025ལོའི་པར་གཞི)》དངོས་སུ་ལག་བསྟར་བྱས་ཤིང་། “འདི་ནི་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་སྔར་བས་སྟོབས་ཤུགས་ཆེན་པོས་ནང་འདྲེན་དང་བེད་སྤྱོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད” དབྱི་ཐ་ལིའི་ཀྲུང་གོའི་ཚོང་ལས་འཕེལ་རྒྱས་གླེང་སྟེགས་ཀྱི་ཀྲུའུ་ཞི་དབྱི་དབན·ཁར་ཏི་ལུའོ་ཡིས། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁ་ཕྱོགས་དང་ས་ཁོངས་བཀོད་སྒྲིག་ལ་ཁྲིད་སྟོན་དང་ལེགས་སུ་བཏང་ནས“ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་དང་གྲུབ་ཚད་ཚོར་དུ་བཅུག་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་རྣམས་ཀྲུང་གོའི་ཁྲོམ་རར་རྩ་བ་ཚུགས་རྒྱུའི་ཡིད་ཆེས་བརྟན་དུ་བཏང་ཡོད”ཅེས་ངོས་འཛིན་བྱས་ཡོད།

    “རྩེར་སོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ནང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཞུགས་ཆེད་བར་མཐོངས་ཆེ་རུ་བཏང་ཡོད”

    2026ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལོ་ཚོགས་སུ་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་སྙན་ཞུ2025》ལས་མངོན་པར། ཀྲུང་གོའི་རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་ཀྱི་ཕྱོགས་བསྡུས་ཨང་རིམ་འཛམ་གླིང་གི་ཨང་དགུ་པར་སླེབས་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་བ་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོའི་ཁྲོམ་ར་དེ་གོ་ལ་ཧྲིལ་པོའི་ལྟེ་བའི་ཞིབ་འཇུག་གསར་སྤེལ་མ་ལག་ནང་བཅུག་ཡོད་པ་རེད།

    “ཟོག་འགྲུལ་དྲ་རྒྱ་དང་། མི་ཐབས་རིག་ནུས། ཚོར་འདྲེན་ཡོ་ཆས་ཀྱི་ལག་རྩལ། གྲངས་གཞི་ཆེན་པོའི་ཉེར་སྤྱོད་སོགས་ཀྱི་ཐད་ཀྲུང་གོ་ནི་འཛམ་གླིང་གི་མདུན་གྲལ་དུ་གནས་པས། ང་ཚོའི་ཐོན་རྫས་དང་གོ་ལ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ལ་མཐུན་རྐྱེན་སྦྱར་ཡོད”ཀྲུང་གོའི་གསར་གཏོད་ནང་གཏིང་ཟབ་ཞུགས་ཏེ་གོ་ལ་ཧྲིལ་པོའི་ཁྲོམ་རར་ཨའེ་ཁེ་ཨེར་གྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་ཅེས་སུའེ་ཙེར་མཁའ་རླུང་གཙང་བཟོ་ཆ་འཕྲིན་ཚན་རྩལ་ཀུང་སིའི་ཨའེ་ཁེ་ཨེར་ཀྲུང་གོའི་ཁྲོམ་རའི་ཕྱིར་འཚོང་ཙུང་ཚའེ་གཞོན་པ་ཧན་ཅིང་ཅིང་གིས་བརྗོད་པ་རེད།

    ཀྲུང་གོས་ཞིབ་འཇུག་གསར་སྤེལ་དང་གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ་བ་ནི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་མང་པོའི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བཞིན་ཡོད། ཏེ་ཆིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཀྲུའུ་ཞི་གཞོན་པ་ཅན་སི་ཧྭ་ཡིས་ཀྲུང་གོའི་གསར་གཏོད་ནུས་པ་ཉིན་བཞིན་ཆེ་རུ་ཕྱིན་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྲུང་གོའི་ཁྲོམ་རའི་ནང་དེ་བས་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། དཔེར་ན། སྨན་རྫས་ཁེ་ལས་ཨ་སི་ལི་ཁང་གིས་ཧྲང་ཧའེ་དང་པེ་ཅིང་དུ་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་གསར་སྤེལ་ལྟེ་གནས་གཉིས་བཙུགས་པ་དང་ཀྲུང་གོའི་ཞིབ་འཇུག་གསར་སྤེལ་གྱི་བརྒྱུད་རིམ་དེ་གོ་ལ་ཧྲིལ་པོ་དང་རྦད་དེ་གཅིག་མཚུངས་ཡིན་ཞིང་གོ་ལ་ཧྲིལ་པོར་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་བསྲུངས་ཏེ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་འཕར་བའི་གོ་སྐབས་མཉམ་སྤྱོད་བྱས་ཡོད”

    ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་གསལ་ནང་གསལ་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་ནས་ཀྲུང་གོའི་ཁྲོམ་རར་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་མུ་མཐུད་རྩ་བ་ཚུགས་པར་ཡིད་ཆེས་སྦྱིན་ཡོད།

    “ཀྲུང་གོས་རྒྱུན་མཐུད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་ནི་དུས་ཡུན་རིང་པོའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་གཏན་འཁེལ་རང་བཞིན་རྩ་ཆེན་ལྡན་པར་བྱས་ཡོད”ཅེས་ལི་ཅན་ཚུང་གིས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ་ལས་གོ་ལ་ཧྲིལ་པོའི་མ་དངུལ་འཇོག་མཁན་གྱི་ཡིད་ཆེས་ཆེ་རུ་ཕྱིན་ནས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་དེ་བས་ཡངས་པའི་བར་མཐོངས་མཁོ་འདོན་བྱས་ཡོད་ཅེས་བརྗོད།

    འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཉོ་ཚོང་བཅོས་སྐྱོང་ནང་ཞུགས་པར་རྒྱབ་སྐྱོར་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་འབྲེལ་མཐུད་བྱས་ཏེ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་སྒོ་ཁྲལ་དམའ་རུ་བཏང་ནས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྲུང་གོའི་འཕེལ་རྒྱས་ལ་ཡུན་རིང་ལྟ་ཞིབ་བྱས་ཤིང་། ཁར་ཏི་ལུའུ་ཡིས། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། རང་ངོས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་ལ་དཔལ་འབྱོར་འཕར་བའི་གོ་སྐབས་བསྐྲུན་པ་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྩ་ཆེའི་ལག་རྩལ་དང་ཉམས་མྱོང་གི་རྒྱབ་སྐྱོར་བྱས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་སྒྲུབ་བྱེད་སྟངས་མངོན་པར་བྱས་ཡོད། “མིག་སྔར། སྒོ་དབྱེ་དང་། བསྟུན་མཁས། སྒྲིག་སྲོལ་ལ་གཞིགས་པ་བཅས་ཀྱི་ཕྱོགས་མང་ཚོང་དོན་མ་ལག་གི་ཁས་ལེན་བསྐྱར་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་འགན་འཁྲི་ཧུར་ཐག་འཁུར་བ་དང་། མཐུན་སྒྲིལ་མཉམ་ལས་བྱེད་པ་ལས་བཀག་བསྡོམས་འཐབ་འགྲན་བྱེད་ཀྱི་མེད། དེ་ལྟར་བྱས་ཚེ་གཞི་ནས་འཛམ་གླིང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ལ་ཐུན་མོང་དར་རྒྱས་མངོན་འགྱུར་ཡང་ཡོང་ཐུབ་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།