མཚོ་སྔོན་དུ་གངས་རིའི་སྣེ་ཤན་པ་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།
གསར་འགོད་པར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། “ད་བར་འཛེགས་མྱོང་བའི་གངས་རི་དང་པོ”ཞེས་པའི་ཕྱོགས་བསྡུས་རང་བཞིན་གྱི་ས་མཐོའི་གངས་འཁྱགས་ལུས་རྩལ་རྟེན་གཞི་དེ་གངས་ཁྲོད་སྒར་ས་དང་རི་འཛེག་གངས་ཤུད་སོགས་གངས་འཁྱགས་ཀྱི་ལས་རྣམ་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་དུ་གངས་རིའི་སྣེ་ཤན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ལ“རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དངོས་སྦྱོང་། དཔྱད་ཞིབ་བཅས་ཟུང་དུ་འབྲེལ་བའི”གསོ་སྐྱོང་བྱེད་སྟངས་བཙུགས་ཡོད་པ་དང་། སྦྱང་བྱའི་རིག་ཚན་ནང་ས་མཐོའི་གསོ་རིག་དང་། གནམ་གཤིས་རིག་པ། རི་འཛེག་ལག་རྩལ། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ནང་དོན་ཚུད་ཡོད་ཅིང་། རྒྱལ་ནང་གི་རྩེར་སོན་རི་འཛེག་མཁས་ཅན་དང་ས་གནས་དེ་གའི་སྣེ་ཤན་པ་བསླབ་པ་རྒན་གྲས་ཀྱིས་མཉམ་དུ་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། དངོས་སྦྱོང་སློབ་ཁྲིད་བྱས་ཏེ་སློབ་མ་ཚོས་འཁྱགས་རིར་འཛེག་སྟངས་དང་། འཁྱགས་རོམ་གྱི་དབྲག་ཏུ་ལྷུངས་མཁན་རོགས་སྐྱོབ་བྱེད་སྟངས། ས་བབ་མཐོ་བའི་ཁུལ་དུ་སྒར་ས་རྒྱག་སྟངས་སོགས་འགག་རྩའི་རྩལ་ནུས་ཁོང་དུ་ཆུད་པ་བྱ་རྒྱུ་རེད། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་ཆུ་ཚད་མཐོ་བའི་ཆེད་དོན་རྩལ་ནུས་ལྡན་པའི་མཚོ་སྔོན་གྱི་གངས་རིའི་སྣེ་ཤན་པ་ཁག་གཅིག་གསོ་སྐྱོང་དང་། བདེ་འཇགས་དང་ཚད་ལྡན་གྱི་ཕྱི་རོལ་ཁོར་ཡུག་ཅིག་བཏོད་ནས། མཚོ་སྔོན་གྱི་རི་ཁུལ་བྱ་གཞག་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།