དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཟ་ཧྲེང་གྲོང་ཚོས་དམངས་ཁྲོད་ཨར་པོའི་རུ་ཁག་གི་བགོ་འགྲེམས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཉེ་ཆར། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཟ་ཧྲེང་ཤང་ཟ་ཧྲེང་གྲོང་ཚོའི་ཏང་པ་ཚོགས་ཆུང་གི་དམངས་ཁྲོད་ཨར་པོའི་རུ་ཁག་གིས་ཁེ་སྤོགས་བགོ་འགྲེམས་བརྒྱབ་པ་རེད།

    ད་ཐེངས་ཀྱི་བགོ་འགྲེམས་ནང་དུད་ཚང་རེར་འབྲས་དང་། གྲོ་ཞིབ། ཇ་བག་ཆུང་བཅས་དང་དེ་བཞིན་དངུལ་སྨར་སྒོར་500སྤྲད་པ་བཅས་ཁྱོན་སྒོར་ཁྲི་7ཙམ་ཟིན་པ་དང་ཡུལ་མི་དུད་ཚང་54ཡིས་དངོས་ཟོག་དང་དངུལ་སྨར་བླངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགོ་འགྲེམས་ནི་ཟ་ཧྲེང་གྲོང་ཚོའི“ཏང་ཀྲི་པུའུ་དང་། ཨར་པོའི་རུ་ཁག ཞིང་འབྲོག་དུད་ཚང”བཅས་མཉམ་འབྲེལ་ལམ་སྲོལ་དོན་འཁྱོལ་ལ་ཕན་འབྲས་ཐོན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། ཤང་དང་གྲོང་ཚོ་རིམ་གཉིས་ཀྱི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་རེད། ཟ་ཧྲེང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འབྲེལ་ཡོད་འགན་འཁུར་བས་གོམ་སྟབས་རྗེས་མར་ཨར་པོའི་རུ་ཁག་གི་གཉེར་སྐྱོང་དོ་དམ་མུ་མཐུད་ཚད་ལྡན་དུ་གཏོང་བ་དང་། འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཐོན་ལས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།