བུད་མེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ལོ་ཆུང་འཚར་ལོངས་ཡོང་བར་འབད།

འདི་ནི“བུད་མེད་སྟོབས་ཤུཌ་གཅིག་ཏུ་བསྒྲིལ། ལོ་ཆུང་འཚར་ལོངས་ཡོང་བར་འབད”ཅེས་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱ་ཡུལ་ཡིན་པ།

འདི་ནི་ལས་དོན་པས་དེ་གར་ཡོད་པའི་མང་ཚོགས་ལ་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་སྐྱོང་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོང་དམར་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ“བུད་མེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ལོ་ཆུང་འཚར་ལོངས་ཡོང་བར་འབད”ཅེས་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་དང་། བརྙས་བཅོས་མི་ཕོག་པ། དྲ་རྒྱར་དབྱིངས་མི་ཞུགས་པ་བྱེད་པ་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། ཉེ་འཁོར་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་བཅའ་ཁྲིམས་གསལ་འགྲེལ་བྱས་པར། བུད་མེད་དང་། ན་སོ་དར་ལ་མ་བབས་པའི་མི། དེ་བཞིན་ཁྱིམ་བདག་གི་འཐུས་མི་བཅས་100ལྷག་ཙམ་ཞུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་པོ་100ལྷག་ཙམ་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།