དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-24

    ཉེ་ཆར། བོད་ཀྱི་གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དང་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཆོག་མཆན་སྤྲད་ནས་ཐོ་འགོད་བྱེད་པ་དང་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་འགན་འཁུར་བའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཚོགས་པའི་མཐུན་ཚོགས་དེ་བཙུགས་པ་དེ་ཐོག་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་ཞབས་ཞུ་རྩ་འཛུགས་ཅན་དང་ཆེད་ལས་ཅན་གྱི་དུས་མཚམས་སུ་སླེབས་པ་མཚོན་ཡོད་པ་རེད།

    མཐུན་ཚོགས་དེས་བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་རྨང་གཞིར་གཞི་ཚུགས་ཏེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། “ཞིང་ལས་ལག་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་ལས་དོན་པ་སྒྲིག་འཛུགས་དང་། ཚན་རྩལ་ལས་དོན་པས་ཡུལ་དེའི་ཤེས་ལྡན་པར་འབྲེལ་གཏུག ཡུལ་དེའི་ཤེས་ལྡན་པས་རྒྱ་ཆེའི་ཞིང་འབྲོག་པར་སྐུལ་ཁྲིད”བཅས་ཀྱི་རིམ་གསུམ་ཞབས་ཞུའི་དྲ་རྒྱ་ཧུར་ཐག་གཏོད་པ། ཞིང་འབྲོག་ལས་ཚན་རྩལ་ཤེས་བྱ་དུད་ཚང་དུ་ཁྱབ་སྤེལ་གཏོང་བའི“མཐའ་མའི་འགག་གནད”སེལ་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་དང་། ཞིང་འབྲོག་པའི་ཚན་རིག་བྱང་ཚད་མཐོར་གཏོང་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་བར་རྩ་འཛུགས་ཅན་དང་ཆེད་ལས་ཅན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།