དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སློབ་ཚན་གཉིས་རྒྱལ་ཁབ་རིམ་པའི“བསམ་བློ་ཆབ་སྲིད་སློབ་ཚན་ཆེ་མོར”བདམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་14ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་གཏམ་བཟང་ཞིག་གྲགས་པ་སྟེ། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་དང་རྒྱལ་ཁབ་རིག་དངོས་ཅུས་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི“བསམ་བློ་ཆབ་སྲིད་སློབ་ཚན་ཆེ་མོའི”སྤུས་ལེགས་ཐོན་ཁུངས་འཛུགས་སྐྱོང་འོས་སྦྱོར་རྣམ་གྲངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི“པགས་ཚག་གཅིག་གི་ལེ་དབར་ཁྲི་ཡི་རྒྱང་སྐྱོད། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་རི་འགོག་དམག་འཁྲུག་གི་རྗེས་ཤུལ་འཚོལ་བ”དང“རྡུལ་ཕྲན་གྲོང་འཚོལ་ཞིབ་བྱས་ཏེ་ཞི་བདེའི་སྲུང་དམག་བརྩོན་ལེན་བྱེད”ཅེས་པའི་སློབ་ཚན་2སྤུས་ལེགས་རྣམ་གྲངས་ཀྱི་མིང་ཐོའི་ནང་བདེ་བླག་ངང་བདམས་པ་རེད།

    ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པ་དང་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་མཉམ་འབྲེལ་ཐོག་བསྐྲུན་པའི“པགས་ཚག་གཅིག་གི་ལེ་དབར་ཁྲི་ཡི་རྒྱང་སྐྱོད། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་རི་འགོག་དམག་འཁྲུག་གི་རྗེས་ཤུལ་འཚོལ་བ”ཞེས་པ་ནི་རིག་དངོས་ཁུངས་སྣེར་བཟུང་ནས་དམར་དམག་རྒྱང་སྐྱོད་སྐབས་མཚོ་སྔོན་བརྒྱུད་དེ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་དང་ཟུང་འབྲེལ་གྱིས་དབྱིངས་ཞུགས་རྣམ་པའི་སློབ་ཁྲིད་དང་། རིག་དངོས་གསལ་འགྲེལ། མི་སྣའི་འཁྲབ་སྟོན་བཅས་བྱས་པ་བརྒྱུད། མཚོ་སྔོན་དེ་ཉིད་རི་འགོག་དམག་འཁྲུག་གི་རྒྱབ་ཕྱོགས་ཆེན་པོའི་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཡིན་ལུགས་གསལ་པོར་མཚོན་པ་དང་། རྒྱལ་གཅེས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་མདོ་ལ་རིང་མོའི་སློབ་ཆུང་དང་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་གིས་མཉམ་འབྲེལ་ཐོག་བཏོད་པའི“རྡུལ་ཕྲན་གྲོང་འཚོལ་ཞིབ་བྱས་ནས་ཞི་བདེའི་སྲུང་དམག་བརྩོན་ལེན་བྱེད་པའི”སྐོར་སྐྱོད་རྣམ་པའི་བསམ་བློ་ཆབ་སྲིད་སློབ་ཚན་དང་རྡུལ་ཕྲན་གྲོང་གི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ཁང་སློབ་མཉམ་ལས་དང་། ས་གནས་ས་ཐོག་གི་ཞིབ་སློབ། མཉམ་འགུལ་ཉམས་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མར་དངོས་ལྗོངས་ཁྲོད་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་མྱོང་ཚོར་ཐུབ་པ་དང་། རི་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེའི་འདུ་ཤེས་འཛུགས་པ། ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།