དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་20ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཚོགས་ཤིང་། དེ་ཐོག་ནས་2026ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭའི་དཔེ་ཀློག་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད། ད་ཐེངས་ནི《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ཁྱབ་བསྒྲགས་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་བྱེད་སྒོ་སྐབས་དང་པོ་དེ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། བརྗོད་དོན་གཙོ་བོ་ནི“སློབ་གྲྭར་དཔེ་ཀློག་བྱེད་སྒོ་སྤེལ། འབྱུང་འགྱུར་ཕྱོགས་སུ་འབད་འབུངས་བྱེད”ཅེས་པ་དེ་རེད། འགོ་ཚུགས་མཛད་སྒོའི་ཐོག་དགེ་རྒན་དང་སློབ་མ་ཚོས་སྙན་ངག་གྱེར་འདོན་དང་གླུ་གར་དང་ཀློག་འདོན་སོགས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་བརྒྱུད་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ལང་ཚོའི་གསོན་ཤུགས་དང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་དཔེ་ཀློག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་གཞོན་ནུ་ལོ་ཆུང་སློབ་མའི་དཔེ་ཀློག་བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་སློབ་གྲྭའི་དགེ་སློབ་ཀྱི་དཔེ་ཀློག་ཁྱབ་གདལ་ལ་སྐུལ་འདེད་གཏིང་ཟབ་བཏང་བས། སློབ་ཁྲིད་དང་མཉམ་འདྲེས་ཀྱིས་རྨང་གཞི་བརྟན་དུ་གཏོང་བ་དང་། གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་རྣམ་པ་ཟབ་ཏུ་གཏོང་བ། གྲགས་ཅན་དཔེ་དེབ་ཀློག་འདོན་གྱིས་སྤུས་རྟགས་གཏོད་པ། ས་ཁོངས་ཡོངས་མཉམ་འགུལ་གྱིས་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་རྣམ་པ་གཙོ་བོར་བྱེད་པའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་དཔེ་ཀློག་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་མ་ལག་རིམ་བཞིན་ཆགས་ཏེ། རྒྱལ་ཁབ་རིམ་པའི་རིག་དཔལ་སློབ་གྲྭ་2དང་། ཞིང་ཆེན་རིམ་པའི་རིག་དཔལ་སློབ་གྲྭ་41 གྲོང་ཁྱེར་དང་ཀྲོའུ་རིམ་པའི་རིག་དཔལ་སློབ་གྲྭ་68 རྫོང་རིམ་པའི་རིག་དཔལ་སློབ་གྲྭ་73བཅས་བསྐྲུན་ནས“ཚང་མ་དཔེ་དེབ་ཀློག་པར་དགའ་བ་དང་། འཛིན་གྲྭ་ཚང་མ་ནས་དཔེ་ཀློག་གི་སྒྲ་གྲགས་པ། ཉིན་ལྟར་དཔེ་དེབ་ཀློག་པ”བཅས་ཀྱི་སློབ་གྲྭའི་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།