དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཏུར་མེན་སི་ཐན་གྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་གྲུབ་འབྲས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-23

     ཨ་ཧྲི་ཁ་པད་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་རང་བྱུང་སོལ་རླངས་འཐབ་ཇུས་མཉམ་ལས་བྱས་ནས་ལོ་ངོ་20འཁོར་བའི་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཏུར་མེན་སི་ཐན་གྱི་རྒྱལ་ས་ཨ་ཧྲི་ཁ་པད་དུ་བྱས་པར་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཚོང་པའི་ལས་རིགས་ཀྱི་འཐུས་མི་500ལྷག་ཙམ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་ནི་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཏུར་མེན་སི་ཐན་བཟོ་ཚོང་ལྷན་ཚོགས་ཀྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་སྣུམ་རླངས་དང་། འགྲིམ་འགྲུལ། འཕྲིན་གཏོང་། མི་ཐབས་རིག་ནུས། སློབ་གསོ། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཚུད་པའི་ཀྲུང་ཏུར་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཚོང་པའི་ལས་རིགས་ཀྱི་འཐུས་མིས་ནུས་རྒྱུ་དང་། ཕན་ཚུན་སྦྲེལ་མཐུད། ཚན་རྩལ་མཐོ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ནས་སྤེལ་རེས་བྱས་པ་རེད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་དང་ཏུར་མེན་སི་ཐན་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེར་ཀེན·ཀེར་ཏུའོ་ཧྥུའུ་ཡིས་སྒྲིག་གཞིའི་འགྲོ་འོང་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་གཞིར་བསམ་འཆར་བརྗེ་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།